10654

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཞི་བཅུ་བདུན་གྱི་གླེང་གཞི།
Tibetan Alternate
Tibetan Definition དེ་ཡང་། སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་བྱུང་བ་སྟེ།

1.རབ་བྱུང་གི་གཞི་ནི་སྔར་བཤད་གྲུབ་ཅེས་འདིར་གསུངས་མི་འདུག 2.གསོ་སྦྱོང་གི་གཞི་ནི། རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་དགེ་བསྙེན་མང་པོས་ཞུས་པ་ལ་བརྟེན་ནས་གནང་ངོ་། ། 3.དབྱར་གནས་ནི། སྟོན་པ་རྒྱལ་བྱེད་ཚལ་ན་བཞུགས་པའི་ཚེ་དགེ་སློང་དག་དབྱར་ལྗོངས་རྒྱུ་བ་ལ་མུ་སྟེགས་རྣམས་འཕྱ་བས་དབྱར་སྔ་མ་བཅས། གང་གི་ཚེ་བོར་གྱི་གཙུག་ལག་ཁང་ཞིག་ཏུ་དབྱར་གནས་པ་ལས་འཇིགས་པ་བྱུང་ནས་དགག་དབྱེ་མ་བྱས་པར་གཉན་ཡོད་དུ་འོངས་པས་དབྱར་ཕྱི་མ་རྗེས་སུ་བཅས་སོ། ། 4.དགག་དབྱེ་ནི། སྟོན་པ་གཉན་ཡོད་ན་བཞུགས་པའི་ཚེ་ལྗོངས་ཤིག་ཏུ་དགེ་སློང་རྣམས་མི་སྨྲ་བའི་ཁྲིམས་བྱས་ཏེ་དབྱར་གནས་པ་ལ་བརྟེན་ནས་མཐོང་ཐོས་དོགས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་གནང་ངོ་། ། 5.གོས་ཀྱི་གཞི་ནི། སྟོན་པས་དབྱར་རྙེད་ཀྱི་རས་རྣམས་དྲས་ནས་ཁ་དོག་ཁ་དོག་ངན་པར་བྱས་ཏེ་གནང་བ་ལས། གཟུགས་ཅན་སྙིང་པོས་འཚོ་བ་པོ་མཐོང་བ་ཐོས་སུ་འཁྲུལ་ནས་མཚན་མ་གདབ་པར་ཞུས་པས་དྲས་ཤིང་དྲུབ་པའི་གོས་རྗེས་སུ་གནང་ངོ་། ། 6.སྲ་བརྐྱང་གི་གཞི་ནི། སྟོན་པ་གཉན་ཡོད་དུ་བཞུགས་པའི་ཚེ་གནས་བཅས་སུ་དབྱར་གནས་པ་འཐོན་ནས་ཕྱག་འཚལ་དུ་འོངས་པའི་དགེ་སློང་རྣམས་ཚེགས་ཆེན་པོས་ངལ་བར་གྱུར་པ་ལ་བརྟེན་ནས་གནང་བའོ། ། 7.ཀོ་ལྤགས་ཀྱི་གཞི་ནི། ཀཱ་ཏ་ཡ་ནའི་སློབ་མ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས་མཐའ་འཁོབ་རྡོ་ཅན་ནས་སྟོན་པ་བལྟར་འོངས་ཏེ་ཞུས་པས་གནང་ངོ་། ། 8.སྨན་གྱི་གཞི་ནི། སྟོན་པ་གཉན་ཡོད་ན་བཞུགས་པའི་ཚེ་དགེ་སློང་རྣམས་སྟོན་ཀའི་ནད་ཀྱིས་ཐེབས་ནས་རིད་པས་སྨན་བརྟེན་པར་གནང་ཞིང་། དེ་ཡང་དུས་མ་ཡིན་པར་མ་ཟོས་པས་རིད་པ་ན་སྨན་བཞིར་ཕྱེ་ནས་གནང་ངོ་། ། 9.གནས་ལམ་གྱི་གཞི་ནི། ཝཱ་ར་ཎ་སཱིར་ཁྱིམ་བདག་དགེ་བཟང་གིས་སྟོན་པ་ལ་གཙུག་ལག་ཁང་བརྩིག་པར་ཞུས་པས་གནང་ངོ་། །(སྐབས་འདིར་གླེང་གཞི་གསུངས་པ་ནི་འདི་ཙམ་དུ་ངེས་ཀྱང་ཚན་གྲངས་ནི་བཅུ་བདུན་དུ་བཞག་པ་གཞི་འདི་དག་དང་འབྲེལ་ཡོད་ཀྱི་གནས་ཚུལ་ལ་བསམས་གཞིགས་ཀྱིས་འཚོལ་བདེ་བའི་ཆེད་དུ་ཡིན་ལགས།)

Tibetan Source 《སྔ་འགྱུར་བཀའ་མའི་གླེགས་བམ་ཇི་པ་》ཤ་89བ་6-125ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number