10671

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་འདུན་ལྷག་མའི་ལྟུང་བར་འགྱུར་བའི་གཞི་བཅོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མའི་གན་དུ་སོང་སྟེ་འཁྲིག་པའི་དོན་དུ་ཟོལ་བསྟོད་བྱེད་པ་སྟེ།

1.མཆོག 2.ཕུལ། 3.ཁྱད་པར་དུ་འཕགས་པ། 4.བཟང་བ། 5.མཛེས་པ། 6.དགེ་བ། 7.མཆོད་པར་འོས་པ། 8.བསྟོད་པར་འོས་པ། 9.རྒྱ་ཆེ་བ། 10.ཆེས་མཆོག 11.ཚེས་ཕུལ། 12.ཆེས་ཁྱད་པར་དུ་འཕགས་པ། 13.ཚེས་བཟུང་བ། 14.ཆེས་མཛེས་པ། 15.ཆེས་དགེ་བ། 16.ཆེས་མཆོད་པར་འོས་པ། 17.ཆེས་བསྟོད་པར་འོས་པ། 18.ཆེས་རྒྱ་ཆེ་བ་ཞེས་བརྗོད་པ་བཅས་སོ། ། དེ་ལ་མཆོག་གིས་ཤེ་ན། དགེ་སློང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱིས་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྤུ་འདི་ནི་ཀུན་ཏུ་སྤྱད་པ་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། ། མཆོག་ཇི་ལྟ་བ་བཞིན་དུ་ཕུལ་དང་། ཁྱད་པར་དུ་འཕགས་པ་ལ་སོགས་པར་ཡང་དེ་བཞིན་ནོ། །

Tibetan Source 《འདུལ་བ་ཅ་པ་》ཤ་312ན་6ལས་བཏུས། །
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number