10675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ངན་འགྲོའི་ཚེ་ཚད་བཅོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.ཡང་སོས་ཚེ་ཚད་ནི། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཚེའི་ཚད་དག་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ནི་ལོ་ལྔ་བརྒྱའོ། ། 2.ཐིག་ནག་གི་ཚེ་ཚད་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ཐིག་ནག་གི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ནི་ལོ་སྟོང་ཕྲག་གཅིག་གོ 3.བསྡུས་འཇོམས་ཀྱི་ཚེ་ཚད་ནི། འཐབ་བྲལ་གྱི་ཚེའི་ཚད་ནི་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ནི་ལོ་སྟོང་ཕྲག་གཉིས་སོ། ། 4.ངུ་འབོད་ཀྱི་ཚེ་ཚད་ནི། དགའ་ལྡན་ལྷའི་ཚེའི་ཚད་ནི་ངུ་འབོད་ཀྱི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ནི་ལོ་སྟོང་ཕྲག་བཞིའོ། ། 5.ངུ་འབོད་ཆེན་པོའི་ཚེ་ཚད་ནི། འཕྲུལ་དགའི་ལྷའི་ཚེའི་ཚད་ནི་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ནི་ལོ་སྟོང་ཕྲག་བརྒྱད་དོ། ། 6.ཚ་བའི་ཚེ་ཚད་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ཚེའི་ཚད་ནི་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ནི་ལོ་སྟོང་ཕྲག་བཅུ་དྲུག་གོ ། ། 7.རབ་ཏུ་ཚ་བའི་ཚེ་ཚད་ནི། བར་གྱི་བསྐལ་པའི་ཕྱེད་དོ། ། 8.མནར་མེད་པའི་ཚེ་ཚད་ནི། བསྐལ་པ་གཅིག་གོ ། 9.དུད་འགྲོ་རྣམས་ཀྱི་ཚེ་ལ་ངེས་པ་མེད་དེ་ཚེ་མཆོག་ཏུ་རིང་བའི་དུད་འགྲོ་རྣམས་ནི་བར་གྱི་བསྐལ་པ་སྟེ། དགའ་བོ་དང་ཉེ་དགའ་ལ་སོགས་པ་ལྟ་བུའོ། ། 10.ཡི་དྭགས་ཀྱི་ཚེ་ཚད་ནི། མིའི་ཟླ་བ་གཅིག་ལ་ཡི་ དྭགས་ཀྱི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ནི་ལོ་ལྔ་བརྒྱའོ། ། 11.གྲང་བའི་དམྱལ་བའི་ཚེ་ཚད་ལས་ཆུ་བུར་ཅན་གྱི་ཚེ་ཚད་ནི། བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དགེ་སློང་དག་འདིར་ཏིལ་ཁལ་ཉི་ཤུ་ཤོང་བའི་མ་ག་དྷཱའི་བྱེ་བོ་ཆེ་ཏིལ་གྱིས་རབ་ཏུ་གང་བར་བྱས་ཏེ། སྤྱི་ཕུད་དུ་འགྱུར་བ་ལ། དེ་ལས་སྐྱེས་བུ་འགའ་ཞིག་གིས་ལོ་བརྒྱུར་གྱུར་པའི་ཚེ་ཏིལ་རེ་རེ་ཕྱུང་བར་གྱུར་པ་ན། དགེ་སློང་དག་ཏིལ་གྱི་ཕུང་པོ་དེ་དེ་སྲིད་དུ་རིམ་པ་འདིས་མྱུར་དུ་ཟད་ཅིང་ཐུག་པར་འགྲོ་བར་གྱུར་པ་ལ། འདིར་ངས་ཆུ་བུར་ཅན་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་མཐར་ཐུག་པ་ནི་སླ་བར་བྱ་བ་མ་ཡིན་པ་ཉིད་དོ། ། 12.ཆུ་བུར་རྡོལ་བ་ཅན་གྱི་ཚེ་ཚད་ནི། ཆུ་བུར་ཅན་གྱི་ཉི་ཤུ་ནི་ཆུ་བུར་རྡོལ་བ་ཅན་གྱི་ཉིན་གཅིག་གོ། 13.ཆུ་བུར་རྡོལ་བ་ཅན་གྱི་ཉི་ཤུ་ནི་ཨ་ཊ་ཊའོ། ། 14.ཨ་ཊ་ཊ་ཉི་ཤུ་ལ་ཧ་ཧའོ། ། 15.ཧ་ཧ་ཉི་ཤུ་ནི་ཧུ་ཧུ་བའོ། ། 16.ཧུ་ཧུ་བ་ཉི་ཤུ་ནི་ཨུཏྤལ་ལྟར་གས་པའོ། ། 17.དེ་ཉི་ཤུ་ལ་པད་མ་ལྟར་གས་པའོ། ། 18.དེ་ཉི་ཤུ་ལ་པདྨ་ཆེན་པོའོ། ། སྒྲ་ངན་སྤངས་ཏེ་བར་དུ་འཆི་བ་ནི། ཐམས་ཅད་དུ་ཡོད་ལ་བྱང་ན་ནི་ངེས་པའི་ཚེ་ཚད་ཡོད་དོ་ཞེས་པའི་དོན་ཏོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་121ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number