10678

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆུ་ངན་པ་བཅོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་སྟེ།

1.དུར་གྱི་དབྱིངས་ནས་ཆུ་རྡོལ་ན་གྱོད་ཆུ་དམེ་ཡུགས་ནལ་གསུམ་གྱི་ཆུ་དང་གཙོ་མང་སྙིང་ངན་པ་རྐུ་དམེ་བྱེད་པའོ། 2.གངས་ལས་ཆུ་བབས་པ་འཕེལ་ཆེ་ཡང་མི་འབྲུ་སྙིང་། 3.ཤིང་ཆུ་ཁང་འདར། 4.ས་དམར་ལས་ཆུ་བབས་ན་དུག་ལྡང་། 5.ཤར་རྡོལ་སྲིན་ནད་ལྡང་། 6.བྱང་རྡོལ་བུ་སྲིང་ངར་འདེད། 7.གོང་ནས་བརྡོལ་ན་དམའ་འབེབས་མང་། 8.ཆུ་ཀྱག་ཀྱོག་གིས་གཅོང་ནད་དམུ་ཆུ་འོང་། 9.དབྱར་སྐྱེས་དགུན་སྐམ་ན་དར་གུད་ཆེ། 10.ཕར་འབབ་ཚུར་འབབ་ནལ་དམེ་འོང་། 11.ཆུ་མིག་ལྐུགས་པ་ས་བདག་དང་གཞན་གནོད། 12.གོ་ཆུ་ལྗན་ལྗིན་ནལ་ཆུ་ཡིན་གྱིས་ཕུག་མང་། 13.ཆུ་དྲག་པོ་སྒྲ་ཆེ་བ་དགྲ་དང་གྱོད་ཁ་མང་། 14.རྫ་ཆུ་དང་གངས་ཆུ་ཁ་སྨྲས་ཆུ། 15.རྫིང་ཁྲོན་ནི་གླེན་ལྐུགས་མང་། 16.ཀོ་མོག་དང་བ་ཚྭའི་ཆུས་ཡུགས་ས་མང་། 17.རྐུབ་འདྲ་ལས་བབས་ན་ངག་དག་དིག་ལྐུགས་པ་མང་། 18.རྫིང་ཁྲོན་དབྱར་སྐྱེས་དགུན་སྐམ་པ་དང་། ངམ་གྲོག་གཏིང་རིང་དུ་ཆུ་འབབ་པ། རྩེ་དང་ཀོ་མོག་དང་བ་ཚྭའི་ཆུ། ངན་ཆུ་བསགས་པ་འདུས་ཆུ་རླན་ཆེ་འདུར་ཆུ་ནང་གི་ཆུ་སྟེ་ཆུ་ངན་པ་དེ་འདྲ་ཡོད་པར་ཁང་དུར་བཏབ་ན་བུ་ཚ་གླེན་པ་བཅས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཧ་པ་》ཤི་661.25ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number