10690

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དེ་བཞིན་གཤེགས་པའི་མ་འདྲེས་པ་བཅོ་བརྒྱད།
Tibetan Alternate
Tibetan Definition 1.དེ་བཞིན་གཤེགས་པའི་སྤྱོད་པ་མ་འདྲེས་པ་དྲུག་ནི།

(1)དེ་བཞིན་གཤེགས་པའི་སྐུའི་སྤྱོད་པ་ལ་སྦྲུལ་རྡོག་པས་བརྫི་བ་ལ་སོགས་ཀྱི་འཁྲུལ་པ་མེད་པ། (2)དེ་བཞིན་གཤེགས་པའི་གསུང་གི་སྤྱོད་པ་དོན་དུ་མི་འགྱུར་བའི་ཚིག་སྨྲ་བ་སོགས་ཀྱི་ཅ་ཅོ་མི་མངའ་བ། (3)དེ་བཞིན་གཤེགས་པའི་ཐུགས་ཀྱི་སྤྱོད་པ་ལ་ཉོན་མོངས་མེད་པར་ཡུན་རིང་པོ་ནས་མཛད་པ་དང་གསུངས་པ་རྗེས་སུ་དྲན་པས་དྲན་པ་མི་ཉམས་པ་མི་མངའ་བ། (4)དེ་བཞིན་གཤེགས་པ་མཉམ་རྗེས་ཐམས་ཅད་ལ་མཁྱེན་བཞིན་དུ་འཇུག་པས་རྟག་ཏུ་མཉམ་པར་མ་གཞག་པ་མི་མངའ་བ། (5)དེ་བཞིན་གཤེགས་པ་སྲིད་ཞི་མཉམ་ཉིད་ཀྱི་རྟོགས་པ་མཐར་ཕྱིན་པས་འཁོར་འདས་ཐ་དད་ཀྱི་འདུ་ཤེས་མི་མངའ་བ། (6)དེ་བཞིན་གཤེགས་པ་གདུལ་བྱ་བརྟགས་ནས་དོན་དུ་མི་འགྱུར་ན་ཡལ་བར་འདོར་བ་སྲིད་ཀྱི་མ་བརྟགས་པར་བཏང་སྙོམས་སུ་འཇོག་པ་མི་མངའ་བའོ། ། 2.དེ་བཞིན་གཤེགས་པའི་རྟོགས་པ་མ་འདྲེས་པ་དྲུག་ནི། (1)དེ་བཞིན་གཤེགས་པས་ཤེས་སྒྲིབ་མཐའ་དག་སྤངས་པའི་ཕྱིར། བརྩོན་འགྲུས་ཡོངས་སུ་ཉམས་པ་མེད་པ། (2)དྲན་པ་ཡོངས་སུ་ཉམས་པ་མེད་པ། (3)ཤེས་རབ་ཡོངས་སུ་ཉམས་པ་མེད་པ། (4)དེ་དག་གི་གནས་འདུན་པ་ཡོངས་སུ་ཉམས་པ་མེད་པ། (5)འབྲས་བུ་རྣམ་གྲོལ་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པ། (6)རྣམ་གྲོལ་གྱི་ཡེ་ཤེས་གཟིགས་པ་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པའོ། ། 3.དེ་བཞིན་གཤེགས་པའི་ཡེ་ཤེས་མ་འདྲེས་པ་དྲུག་ནི། (1)དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་མཛད་པ་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་དང་ལྷན་ཅིག་རྒྱུ་བས་དུས་ཀྱི་ཀུན་སློང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དགེ་བ་ཁོ་ན་སྟེ་ཕྲིན་ལས་མ་འདྲེས་པ་གསུམ་མོ། ། (2)དེ་བཞིན་གཤེགས་པས་རྩོལ་བ་ཙམ་གྱིས་ཤེས་བྱ་ཐམས་ཅད་རྟོགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དངོས་པོ་རྣམས་ལ་མ་ཆགས་མ་ཐོགས་ཤིང་སྨོན་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པ་ཐོབ་པ་མཁྱེན་པས་བསྡུས་པ་གསུམ་བཅས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྨད་ཆ་ཤ་610.2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number