10698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྡེ་པ་བཅོ་བརྒྱད།
Tibetan Alternate
Tibetan Definition འདི་ལ་ཁག་གསུམ་ཡོད་པ་སྟེ།

ཁག་དང་པོ། སྡེ་པ་ཐ་དད་དུ་བྱེད་པ་དང་། རྣམ་པར་བཤད་པ་ལས་བྱུང་བ་སྡེ་པ་བཞི་ལས་གྱེས་པ་སྟེ། 1.འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བཞི་སྟེ། (1)འོད་སྲུངས་ཞེས་བྱ་བ། (2)ས་སྲུང་ཞེས་བྱ་བ། (3)ཆོས་སྲུང་བ་ཞེས་བྱ་བ། (4)གཞི་ཀུན་ཡོད་པར་སྨྲ་བའོ། 2.འཕགས་པ་ཕལ་ཆེན་པ་ལས་གྱེས་པ་དྲུག་སྟེ། (1)ཤར་གྱི་རི་བོ་ཞེས་བྱ་བ། (2)ནུབ་རི་བ་ཞེས་བྱ་བ། (3)གངས་རི་ལ་གནས་པ་ཞེས་བྱ་བ། (4)རྣམ་པར་ཕྱེ་སྟེ་སྨྲ་བ་ཞེས་བྱ་བ། (5)བཏགས་པར་སྨྲ་བ་ཞེས་བྱ་བ། (6)འཇིག་རྟེན་འདས་སྨྲ་ཞེས་བྱ་བའོ། ། 3.འཕགས་པ་མང་པོས་བཀུར་བ་ལས་གྱེས་པ་ལྔ་སྟེ། (1)གོས་དམར་བ་ཞེས་བྱ་བ། (2)ས་སྲུང་བ་ཞེས་བྱ་བ། (3)ཀུ་རུ་ཀུལླི་བྱ་བ། (4)མང་དུ་ཐོས་པ་ཞེས་བྱ་བ། (5)གནས་མ་བུ་ཞེས་བྱ་བའོ། ། 4.འཕགས་པ་གནས་བརྟན་པ་ལས་གྱེས་པ་གསུམ་སྟེ། (1)རྒྱལ་བྱེད་ཚལ་ན་གནས་པ་ཞེས་བྱ་བ། (2)འཇིགས་མེད་རི་ལ་གནས་པ་ཞེས་བྱ་བ། (3)གཙུག་ལག་ཁང་ཆེན་ལ་གནས་པ་ཞེས་བྱ་བ་བཅས་སོ། །

Tibetan Source 《བསྟན་འགྱུར་འདུལ་བ་སུ་པ་》ཤ་66བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number