10699

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྡེ་པ་བཅོ་བརྒྱད།
Tibetan Alternate
Tibetan Definition ཁག་གཉིས་པ། དེ་ཡང་། སྡེ་པ་ཐ་དད་དུ་བྱེད་པ་དང་། རྣམ་པར་བཤད་པ་ལས་བྱུང་བ་ཐོག་མར་སྡེ་པ་གཉིས་ལས་གྱེས་པ་སྟེ།

1.དགེ་འདུན་ཕལ་ཆེན་སྡེ་པ་ལས་རིམ་གྱིས་གྱེས་པ་བརྒྱད་ནི། (1)དགེ་དུན་ཕལ་ཆེན་སྡེ་པ། (2)ཐ་སྙད་གཅིག་པའི་སྡེ་པ། (3)འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ། (4)མང་དུ་ཐོས་པའི་སྡེ་པ། (5)བཏགས་པར་སྨྲ་བའི་སྡེ་པ། (6)མཆོད་རྟེན་པའི་སྡེ་པ། (7)ཤར་གྱི་རི་བོའི་སྡེ་པ། (8)ནུབ་ཀྱི་རི་བོའི་སྡེ་པའོ། ། 2.གནས་བརྟན་པའི་སྡེ་པ་ལས་རིམ་གྱིས་གྱེས་པ་བཅུ་ནི། (1)གནས་བརྟེན་པ་ཉིད་ཀྱི་སྡེ་པ། (2)གནས་བརྟན་པ་ཉིད་ལ་གངས་རི་པ་ཞེས་ཀྱང་བརྗོད་པ། (3)ཐམས་ཅད་ཡོད་པར་སྨྲ་བ་པ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་དང། རྒྱུར་སྨྲ་བ་དང་། ཁ་ཅིག་མུ་རུན་ཏ་ཀ་པ་ཞེས་ཀྱང་ཟེར་བ། (4)གནས་མའི་བུའི་སྡེ་པ། (5)ཆོས་མཆོག་པའི་སྡེ་པ། (6)བཟང་པོའི་ལམ་པའི་སྡེ་པ། (7)ཀུན་གྱིས་བཀུར་བ་ལ་ཁ་ཅིག་ནི་ཨ་བན་ཏ་ཀ་པའི་སྡེ་པ་ཞེས་ཀྱང་ཟེར་བ་དང་། ཁ་ཅིག་ནི་ཀུ་རུ་ཀུ་པ་ལ་ཞེས་ཀྱང་ཟེར་བ། (8)མང་སྟོན་པའི་སྡེ་པ། (9)ཆོས་སྦས་པའི་སྡེ་པ། (10)ཆོས་བཟང་འབེབས་ཞེས་བྱ་བ་ལ་ཁ་ཅིག་ནི་འོད་སྲུངས་པ་ཞེས་ཟེར་བ་དང་། བླ་མ་ཁ་ཅིག་ནི་འཕོ་བར་སྨྲ་བ་ཞེས་ཟེར་བའོ། །

Tibetan Source 《བསྟན་འགྱུར་འདུལ་བ་སུ་པ་》ཤ་147ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number