10700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྡེ་པ་བཅོ་བརྒྱད།
Tibetan Alternate
Tibetan Definition ཁག་གསུམ་པ། སྡེ་པ་ཐ་དད་དུ་བྱེད་པ་དང་། རྣམ་པར་བཤད་པ་ལས་བྱུང་བ་རྩ་བའི་སྡེ་པ་གསུམ་ལས།

1.གནས་བརྟན་པ་ལས་གྱེས་པ་རྣམ་པ་དྲུག་ནི། (1)གནས་བརྟན་པ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མའི་བུའི་སྡེ་པ་ཞེས་བྱ་ བའོ། ། (2)ཐམས་ཅད་ཡོད་པར་སྨྲ་བ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་པ་ཞེས་བྱ་བའོ། ། (3)གནས་མའི་བུ་ཡང་རྣམ་པ་བཞི་སྟེ། མང་པོས་བཀུར་བ། (4)ཆོས་མཆོག་པ། (5)བཟང་པོའི་ལམ། (6)གྲོང་ཁྱེར་དྲུག་པའོ། ། 2.དགེ་འདུན་ཕལ་ཆེན་པའི་སྡེ་ནི་རྣམ་པ་བརྒྱད་དེ། (1)དགེ་འདུན་ཕལ་ཆེན་པ། (2)ཤར་གྱི་རི་བོ། (3)ནུབ་ཀྱི་རི་བོ། (4)རྒྱལ་པོ་རི་བོ། (5)གངས་རི་པ། (6)མཆོད་རྟེན་པ། (7)བརྟེན་གྲུབ་པ། (8)བ་ལང་གནས་པའོ། ། 3.རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་རྣམ་པ་བཞི་སྟེ། (1)ས་སྟོན་པ། (2)འོད་སྲུངས་པ། (3)ཆོས་སྦས་པ། (4)གོས་དམར་བ་བཅས་སོ། །

Tibetan Source 《བསྟན་འགྱུར་འདུལ་བ་སུ་པ་》ཤ་148ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number