10709

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བག་ལ་ཉལ་གྱི་འཇུག་པའི་མཚན་ཉིད་རྣམ་པ་བཅོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.རང་གི་ཡུལ་གྱི་རྗེས་སུ་སོང་བའི་བག་ལ་ཉལ་ནི། ཁམས་གསུམ་པོ་དག་ན་རང་གི་ས་པར་གཏོགས་པ་གང་ཡིན་པའོ། ། 2.གཞན་གྱི་རྗེས་སུ་སོང་བ་ནི། འོག་མ་དང་གོང་མར་སྐྱེད་པའི་འོག་མའམ་གོང་མར་སྐྱེད་པའི་འོག་མའམ་གོང་མའི་ས་པའི་ཉོན་མོངས་པའི་ས་བོན་དང་ལྡན་པ་གང་ཡིན་པའོ། ། 3.ཉམས་པ་ནི། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་ས་འོག་མ་གང་ཡིན་པའོ། ། 4.མ་ཉམས་པ་ནི། འདོད་ཆགས་དང་བྲལ་བ་འོག་མའམ་འདོད་ཆགས་དང་མ་བྲལ་བའི་རང་གི་ས་པ་གང་ཡིན་པའོ། ། 5.བག་ལ་ཉལ་ནི། རང་གི་ས་པ་གང་ཡིན་པའོ། ། 6.བག་ལ་ཉལ་མ་ཡིན་པ་ནི། གཞན་གྱི་ས་པ་གང་ཡིན་པའོ། ། 7.མཐའ་དག་ནི། སོ་སོའི་སྐྱེ་བོ་རྣམས་ཀྱི་གང་ཡིན་པའོ། ། 8.མ་ཚང་བ་ནི། སོ་སོའི་སྐྱེ་བོ་མ་ཡིན་པ་སློབ་པ་རྣམས་ཀྱི་གང་ཡིན་པའོ། ། 9.ཡང་དག་པར་གཞོམ་དུ་རུང་བ་ནི། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་རྣམས་ཀྱི་གང་ཡིན་པའོ། ། 10.ཡང་དག་པར་གཞོམ་དུ་མི་རུང་བ་ནི། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་གང་ཡིན་པའོ། ། 11.ལྷག་མ་ནི། འདོད་ཆགས་ལ་སོགས་པ་སྤྱོད་པ་རྣམས་ཀྱི་གང་ཡིན་པའོ། ། 12.མཉམ་པ་ནི། ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་གང་ཡིན་པའོ། ། 13.སྟོབས་ཆུང་བ་ནི། ཉོན་མོངས་པ་ཆུང་བ་རྣམས་ཀྱི་གང་ཡིན་པའོ། ། 14.སད་པ་ནི། ཀུན་ནས་དཀྲིས་པའི་འབྲས་བུ་ཅན་ཏེ་ཀུན་ནས་དཀྲིས་པ་ཅན་དུ་འབྱུང་བ་རྣམས་ཀྱི་གང་ཡིན་པའོ། ། 15.མ་སད་པ་ནི། ཀུན་ནས་དཀྲིས་པ་མེད་པར་རྗེས་སུ་འབྲེལ་བ་རྣམས་ཀྱི་གང་ཡིན་པའོ། ། 16.སྡུག་བསྔལ་མང་པོ་བསྐྱེད་པ་ནི། འདོད་པ་ན་སྤྱོད་པ་རྣམས་ཀྱི་གང་ཡིན་པའོ། ། 17.སྡུག་བསྔལ་ཉུང་ངུ་བསྐྱེད་པ་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་གང་ཡིན་པའོ། ། 18.སྡུག་བསྔལ་མི་བསྐྱེད་པ་ནི། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཡིན་པའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་123བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number