10747

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད།
Tibetan Alternate
Tibetan Definition ཁག་གཉིས་པ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་ལས་བྱུང་བ་སྟེ།

1.དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། ། 2.ཅ་ཅོ་མི་མངའོ། ། 3.བསྙེལ་བ་མི་མངའོ། ། 4.སེམས་མཉམ་པར་མ་བཞག་པ་མི་མངའོ། ། 5.ཐ་དད་པའི་འདུ་ཤེས་མི་མངའོ། 6.སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ། 7.འདུན་པ་ཉམས་པ་མི་མངའོ། ། 8.བརྩོན་འགྲུས་ཉམས་པ་མི་མངའོ། ། 9.དྲན་པ་ཉམས་པ་མི་མངའོ། ། 10.ཏིང་ངེ་འཛིན་ཉམས་པ་མི་མངའོ། ། 11.ཤེས་རབ་ཉམས་པ་མི་མངའོ། ། 12.རྣམ་པར་གྲོལ་བ་ཉམསཔ་མི་མངའོ། ། 13.རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའོ། ། 14.འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་གོ ། 15.མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ ཤེས་མཐོང་བ་ལ་འཇུག་གོ ། 16. ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ མཐོང་བ་ལ་འཇུག་གོ ། 17.དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། 18.དེ་བཞིན་གཤེགས་པའི་གསུང་གི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། 19.དེ་བཞིན་གཤེགས་པའི་ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། (སྐབས་འདིར་ཞིབ་ཆ་དབྱེ་སྐབས་ཆོས་བཅུ་དགུ་ཡོང་འདུག་པ་དཔྱད་པར་ཞུ།)

Tibetan Source 《མདོ་ཐ་པ་》ཤ་88ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number