10748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད།
Tibetan Alternate
Tibetan Definition ཁག་གསུམ་པ། དཔལ་རྡོ་རྗེ་སྙིང་པོ་ཅན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བྱུང་བ་སྟེ།

1.དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། ། 2.ཅ་ཅོ་མི་མངའོ། ། 3.དགོངས་པ་ཉམས་པ་མི་མངའོ། ། 4.ཐུགས་སྙམ་པར་མ་བཞག་པ་མི་མངའོ། ། 5.འདུ་ཤེས་སྣ་ཚོགས་མི་མངའོ། 6.མ་བརྟགས་པའི་བཏང་སྙོམས་མི་མངའོ། ། 7.མོས་པ་ཡོངས་སུ་ཉམས་པ་མི་མངའོ། 8.བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ། ། 9.དགོངས་པ་ཡོངས་སུ་ཉམས་པ་མི་མངའོ། ། 10.ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའོ། ། 11.ཤེས་རབ་ཡོངས་སུ་ཉམས་པ་མི་མངའོ། ། 12.རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ། 13.རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའོ། ། 14.འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། ། 15.མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ ། 16.ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ ། 17.སྐུའི་འཕྲིན་ལས་ཐམས་ཅད་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། 18.ཐུགས་ཀྱི་འཕྲིན་ལས་ཐམས་ཅད་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ། །

Tibetan Source 《རྒྱུད་ཉི་པ་》ཤ་111བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number