10749

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད།
Tibetan Alternate
Tibetan Definition ཁག་བཞི་པ།

དེ་ཡང་ཕར་ཕྱིན་ལས་བྱུང་བ་སྟེ། 1.དགེ་སློང་གཏུམ་པོ་སོགས་ཀྱི་གནོད་པ་བྱུང་བ་དང་འགྲོགས་པ་སོགས་སྐུ་ཡི་སྤྱོད་པ་འཁྲུལ་པ་མི་མངའ་བ། 2.ནགས་སྡུག་པོར་དོན་མེད་ཀྱི་སྒྲ་འབྱིན་པ་སོགས་གསུང་ཅ་ཅོ་མི་མངའ་བ། 3.བརྗེད་ངས་ཀྱི་བྱ་བ་ཤོར་བ་སོགས་དྲན་པ་ཉམས་པ་མི་མངའ་བ། 4.སྟོང་པ་ཉིད་ཀྱི་དོན་ལ་ཐུགས་མཉམ་པར་མ་བཞག་པ་མི་མངའ་བ། ། 5.འཁོར་འདས་གཉིས་ལ་བླང་དོར་ངོ་བོ་ཉིད་ཀྱིས་གྲུབ་པའི་ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ། 6.གདུལ་བྱའི་རྒྱུད་ལ་འཕྲིན་ལས་མཛད་པ་དུས་ལ་མ་བབས་ན་སོ་སོར་མ་བརྟག་པའི་བཏང་སྙོམས་མི་མངའ་བ་དང་དྲུག་སྟེ་སྤྱོད་པ་མ་འདྲེས་པ་དྲུག། 7.སེམས་ཅན་གྱི་དོན་མཛད་པའི་འདུན་པ་ཉམས་པ་མི་མངའ་བ། 8.གདུལ་བྱ་གང་ན་ཡོད་པའི་གནས་སུ་གཤེགས་པ་ལ་སྤྲོ་བའི་བརྩོན་འགྲུས་ཉམས་པ་མི་མངའ་བ། 9.སེམས་ཅན་འདུལ་བའི་ཐབས་མ་བརྗེད་པའི་དྲན་པ་ཉམས་པ་མི་མངའ་བ། 10.ཆོས་ཐམས་ཅད་གནས་ལུགས་དེ་བཞིན་ཉིད་ལ་མཉམ་པར་བཞག་པའི་ཏིང་འཛིན་ལས་ཉམས་པ་མི་མངའ་བ། ། 11.ཇི་ལྟ་ཇི་སྙེད་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལས་ཉམས་པ་མི་མངའ་བ། 12.སྒྲིབ་པ་སྤངས་པའི་རྣམ་གྲོལ་ལམ་ལས་ཉམས་པ་མི་མངའ་བ་འདི་དྲུག་ནི་རྟོགས་པ་མ་འདྲེས་པ་དྲུག་གོ། 13.སྤྱོད་ལམ་བཞི་ཡི་གདུལ་བྱ་འདུལ་བ་སྐུ་ཡི་འཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ཅ། ། 14.ཆོས་དང་ལྡན་པ་དང་དོན་དང་ལྡན་པའི་གཏམ་མཛད་པའི་གསུང་གི་འཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲིང་བ། ། 15.བྱམས་པ་དང་སྙིང་རྗེ་སོགས་ཐུགས་ཀྱི་འཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་འདི་རྣམས་ནི་འཕྲིན་ལས་མ་འདྲེས་པ་གསུམ། 16.འདས་པའི་དུས་མཁྱེན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། 17.མ་འོངས་པའི་དུས་མཁྱེན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། ། 18.ད་ལྟར་བ་མཁྱེན་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་བཅས་ཡེ་ཤེས་མ་འདྲེས་པ་དྲུག་གོ།

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་341.20ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number