1075

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མངོན་པར་མཐོ་བ་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་སྦྱར་ལས་བྱུང་བ་སྟེ།

1.ལོངས་སྤྱོད་ཆེན་པོ་ཉིད་ནི། སྦྱིན་པས་ལོངས་སྤྱོད་ཆེན་པོ་ཐོབ་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ། ། 2.བདག་ཉིད་ཆེན་པོ་ཉིད་ནི། ཚུལ་ཁྲིམས་ཀྱིས་བདེ་འགྲོའི་ལུས་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བདག་ཉིད་ཆེན་པོ་ཉིད་དོ། ། 3.ཕྱོགས་ཆེན་པོ་ཉིད་ནི། བཟོད་པས་སྐྱེ་བོ་ཐམས་ཅད་ཀྱི་མངོན་དུ་འགྲོ་བར་འགྱུར་བ་ཐོབ་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ཕྱོགས་ཆེན་པོ་ཉིད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ལི་པ་》ཤ་73བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number