10751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད།
Tibetan Alternate
Tibetan Definition ཁག་དྲུག་པ། མཛོད་གནས་བདུན་པ་ལས་བྱུང་བ་སྟེ།

1.སྟོབས་བཅུ། 2.མི་འཇིགས་པ་བཞི། 3.དྲན་པ་ཉེར་བཞག་གསུམ། 4.ཐུགས་རྗེ་ཆེན་པོ་བཅས་སོ། །འདིའི་སྐབས་ཀྱི་ཐུགས་ཆེན་པོ་ནི། སྙིང་རྗེ་ཆེན་པོ་གཉིས་མི་འདྲ་བ་ལྔ་དང་། བརྒྱད་ཀྱིས་ཤེས་དགོས་སོ། ། (1)ཆེ་བ་ལྔ་ནི། [1]རྒྱུ་རྒྱ་ཆེ་བ། [2]རྣམ་པ་ཆེ་བ། [3]སྤྱོད་ཡུལ་ཆེ་བ། [4]འཇུག་ཚུལ་མཉམ་པ་ཉིད་དུ་འཇུག་པའི་རྒྱ་ཆེ་བ། [5]ཤེས་རབ་རྣོ་ཞིང་ཆེ་བ་དང་ལྔའོ། ། ཆེ་བ་ལྔ་མངའ་བ་ནི་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོའམ་བརྩེ་བ་ལ་ཡོད་ཀྱི། སེམས་ཅན་གྱི་རྒྱུད་ཀྱི་སྙིང་རྗེ་ལ་དེ་ལྟ་མེད་པས་ཐུགས་རྗེ་ཆེན་པོ་ཞེས་བརྗོད་དོ། ། (2)ཐ་དད་དབྱེ་བ་བརྒྱད་ནི། ། [1]ངོ་བོ་ཞེ་སྡང་གཏི་མུག་མེད་པ། [2]དམིགས་པ་ཁམས་གསུམ་ཁམས་གཅིག [3]རྣམ་པ་སྡུག་བསྔལ་གཅིག་དང་གཉིས། [4]རྒྱུད་ནི་ཉན་རང་སངས་རྒྱས། [5]ཐོབ་ནི་བསམ་གཏན་སྲིད་རྩེ། [6]སྐྱོབས་ནི་ངན་སོང་འཁོར་བ། [7][8]སྡུག་བསྔལ་ཅན་དང་སྡུག་བསྔལ་མེད་པ་གཉིས་ལ་བརྩེ་བ་འདྲ་བའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་553.12ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number