10759

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསླབ་པ་ཀུན་བཏུས་ཀྱི་ལེའུ་བཅོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། རྒྱལ་སྲས་ཞི་བ་ལྷས་མཛད་པ་སྟེ། སེམས་བསྐྱེད་དང་གཏོང་བ་ལ་ལེའུ་གཅིག བསྲུང་བའི་ལེའུ་དྲུག དག་པ་ལ་ལེའུ་བརྒྱུད། སྤེལ་བ་ལ་ལེའུ་གསུམ་སྟེ་ལེའུ་བཅོ་བརྒྱད་ཡིན་པ་ཞིབ་པར་དབྱེ་ན། འདི་ལྟ་སྟེ། །

1.དང་པོ་སྒྲུབ་པའི་རྟེན་དལ་འབྱོར། སྤྱོད་པའི་རྟེན་སེམས་བསྐྱེད། ལུས་ལོངས་སྤྱོད་དགེ་རྩ་གསུམ་གཏོང་བའི་ལེའུ། 2.གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལས་ཆོས་ཡོངས་སུ་བཟུང་བའི་ལེའུ། 3.དེ་བཞིན་དུ་ཚུལ་ཁྲིམས་ལས་ཆོས་སྨྲ་བསྲུང་བའི་ལེའུ། 4.ཚུལ་ཁྲིམས་ལས་གནོད་པ་ཆེན་པོ་བསྟན་པའི་ལེའུ། 5.ཚུལ་ཁྲིམས་ལས་གནོད་པ་རྣམ་པར་སྤོང་བའི་ལེའུ། 6.ཚུལ་ཁྲིལས་ལས་ལུས་བསྲུང་བའི་ལེའུ། 7.ཚུལ་ཁྲིམས་ལས་ལོངས་སྤྱོད་དང་བསོད་ནམས་བསྲུང་བའི་ལེའུ། 8.ཚུལ་ཁྲིམས་ལས་ལུས་དག་པ་སྡིག་པ་སྦྱོང་བའི་ལེའུ། 9.ལུས་དག་པ་བཟོད་པའི་ལེའུ། 10.ལུས་དག་པ་བརྩོན་འགྲུས་ཀྱི་ལེའུ། 11.ལུས་དག་པ་བསམ་གཏན་གྱི་གནས་དགོན་པ་བསྟན་པའི་ལེའུ། 12.ལུས་དག་པ་བསམ་གཏན་ལས་སེམས་ཡོངས་སུ་སྦྱོང་བའི་ལེའུ། 13.ལུས་དག་པ་བསམ་གཏན་ལས་དྲན་པ་ནང་དུ་ཡང་དག་འཇོག་གི་ལེའུ། 14.ལུས་དག་པ་དངོས་གཞི་ཤེས་རབ་ཀྱི་ལེའུ། 15.ལོངས་སྤྱོད་དག་པ་དགེ་རྩ་སྟེ་བསོད་ནམས་དག་པའི་ལེའུ། 16.ལུས་སྤེལ་བའི་ལེའུ། 17.བཅུ་བདུན་པ་ཕྱག་འཚལ་སོགས་ལོངས་སྤྱོད་སྤེལ་བའི་ལེའུ། 18.དཀོན་མཆོག་དྲིན་སོགས་དགེ་རྩ་སྤེལ་བའི་ལེའུའོ། ། རིགས་ལ་གནས་པའི་གང་ཟག་དེས་སྨོན་འཇུག་གཉིས་ཀྱི་སྒོ་ནས་སེམས་བསྐྱེད་དེ་བྱང་སྡོམ་ལ་གནས་ནས་སྤྱོད་པ་ལ་བསླབ་ཚུལ། ལུས་ལོངས་སྤྱོད་དགེ་རྩ་གསུམ་གྱི་ལུས་བཏང་བསྲུང་དག་སྤེལ་བཞི། ལོངས་སྤྱོད་བཏང་བསྲུང་དག་སྤེལ་བཞི། དགེ་རྩ་བཏང་བསྲུང་དག་སྤེལ་བཞི་དང་བཅུ་གཉིས་སུ་བཞག་གོ ། དེ་སྤྱོད་པ་ཕྱིན་དྲུག་དང་སྦྱར་ཚུལ་ནི། ལུས་ལོངས་སྤྱོད་དགེ་རྩ་གསུམ་སྦྱིན་པ། ལུས་ལོངས་སྤྱོད་དགེ་རྩེ་བསྲུང་བ་གསུམ་ཚུལ་ཁྲིམས། ལུས་ལོངས་སྤྱོད་དགེ་རྩ་གསུམ་གྱི་ལུས་དག་པ་གཅིག་པུ་བཟོད་པ་བསམ་གཏན་ཤེས་རབ་ཀྱི་ཕར་ཕྱིན་གསུམ་ལ་སྦྱར་ཞིང་། སྦྱོར་ཚུལ་ལུས་དག་པ་ཕྱོགས་གཅིག་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་ནང་དུ་ཡར་སྡུད། ལུས་དག་པ་ཕྱོགས་གཅིག་བཟོད་པའི་ཕར་ཕྱིན་དུ་མར་སྡུད། ལུས་དག་པའི་འགལ་རྐྱེན་སེལ་ཐབས་བརྩོན་འགྲུས། ལུས་དག་པའི་མཐུན་རྐྱེན་སྒྲུབ་ཐབས་བཟོད་པ། བསམ་གཏན་ཕར་ཕྱིན་དང་ཤེས་རབ་ཕར་ཕྱིན་གཉིས་ལུས་དག་པར་བྱེད་ཚུལ་དངོས་གཞིའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་428.2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number