10773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་འདུན་ཉི་ཤུ།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1.རྒྱུན་ཞུགས་ཞུགས་པ་དབང་རྣོན་ཆོས་ཀྱི་རྗེས་འབྲང་པ། 2.དབང་རྟུལ་དད་པའི་རྗེས་འབྲང་པ། 3.རྒྱུན་ཞུགས་འབྲས་གནས་ཙམ་པོ་བ། 4.རྒྱུན་ཞུགས་ལྷ་ཡི་རིགས་ནས་རིགས་སྐྱེ། 5.མི་ཡི་རིགས་ནས་རིགས་སྐྱེ་བཅས་ནི་རྒྱུན་ཞུགས་སྐོར་ལ་ལྔའོ། 6.ཕྱིར་འོང་ཞུགས་པ། 7.ཕྱིར་འོང་འབྲས་གནས་ཙམ་པོ་བ། 8.ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པ་དང་གསུམ་ནི་ཕྱིར་འོང་སྐོར་ལ་གསུམ་ཡིན་ནོ། ། 9.ཕྱིར་མི་འོང་ཞུགས་པ། 10.ཕྱིར་མི་འོང་འདའ་བ། 11.སྐྱེ་འདའ་བ། 12.མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ། 13.མངོན་པར་འདུ་མི་བྱེད་པར་འདའ་བ། 14.འོག་མིན་མཐར་ཐུག་འགྲོ་དབྱེ་གཞི་བྱས་ནས་འཕར་བ། 15.ཕྱེད་འཕར་བ། 16.གནས་ཐམས་ཅད་དུ་འཆི་འཕོ་བ། 17.གཟུགས་ཀྱི་སས་བསྡུས་ཀྱི་ཆགས་བཅོམ་ལ་དབྱེ་གཞི་བྱས་ནས། ཕྱིར་མི་འོང་མཐོང་ཆོས་བཞི། 18.ཕྱིར་མི་འོང་ལུས་མངོན་བྱེད་དང་བཅས་པ་ནི་ཕྱིར་མི་འོང་སྐོར་ལ་བཅུ་ཡིན་ནོ། ། 19.དགྲ་བཅོམ་ཞུགས་པ། 20.བསེ་རུ་ལྟ་བུའི་རང་སངས་རྒྱས་བཅས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤོག་ངོས་315ཕྲེང་15ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number