10774

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་འདུན་ཉི་ཤུ།
Tibetan Alternate
Tibetan Definition ཁག་གཉིས་པ། དགེ་འདུན་དཀོན་མཆོག་མཚོན་བྱེད་ཀྱི་དཔེའི་དགེ་འདུན་ཏེ།

1.རྒྱུན་ཞུགས་ཞུགས་པ་གཉིས་ནི། རྒྱུན་ཞུགས་ཞུགས་པ་དབང་བརྟུལ་དད་པའི་རྗེས་འབྲངས་དང་། རྒྱུན་ཞུགས་ཞུགས་པ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་གཉིས་ཏེ། (1)དད་པ་ཙམ་གྱི་རྗེས་འབྲངས་པའོ། ། (2)རང་གི་ཤེས་རབ་ཀྱིས་དཔྱད་པའོ། ། 2.རྒྱུན་ཞུགས་འབྲས་གནས་ནི། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་དགེ་སྦྱོང་ཚུལ་གྱིས་འབྲས་བུ་ལ་གནས་པའི་གང་ཟག 3.ཕྱིར་འོང་ཞུགས་པ་ནི། འདོད་ཁམས་སུ་ལན་ཅིག་ཕྱིར་འོང་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་བརྩོན་ཞིང་ཞུགས་པའི་གང་ཟག 4.རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གཉིས་ནི། ལྷའི་རིགས་ནས་རིགས་སྐྱེ་དང་། མིའི་རིགས་ནས་རིགས་སྐྱེ་གཉིས་ལས། ། (1)འདོད་ལྷའི་རིགས་མཐུན་གྱི་སྐྱེ་སྲིད་ལན་གཉིས་ལེན་པའི་རྒྱུན་ཞུགས་ཁྱད་པར་ཅན། (2)མིའི་རིགས་མཐུན་གྱི་སྐྱེ་སྲིད་ལན་གཉིས་ལེན་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན། 5.ཕྱིར་འོང་འབྲས་གནས་གཉིས་ཏེ། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དང་། ཕྱིར་འོང་འབྲས་གནས་ཙམ་པོ་དང་གཉིས་ལས། (1)འདོད་སྲེད་མངོན་གྱུར་པ་བདུན་པའམ་བརྒྱད་པ་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག (2)ཁམས་གོང་མའི་ཉོན་མོངས་སྤོང་བ་ལ་མི་བརྩོན་པའི་གང་གཟག ། 6.ཕྱིར་མི་འོང་ཞུགས་པ་ནི། འདོད་པའི་ཁམས་སུ་ཕྱིར་མི་འོང་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་ཞིང་ཞུགས་པའི་གང་ཟག 7.ཕྱིར་མི་འོང་བའི་འབྲས་གནས་དགུ་སྟེ། ཕྱིར་མི་འོང་བར་འདའ་དང་། སྐྱེ་ཙམ་ནས་འདའ་བ། མངོན་པར་འདུ་བྱེད་མེད་པར་འདའ་བ། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ། གོང་དུ་འཕོ་བ་གསུམ། མཐོང་ཆོས་བཞི། ལུས་མངོན་བྱེད་དང་དགུ་ལས། (1)འདོད་པ་ནས་ཤི་འཕོས་ཏེ། ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གཞན་བཅུ་དྲུག་གི་བར་དོ་ལ་སྐྱེས་ནས་རྟེན་དེ་རང་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་བ། (2)དེ་ལྟ་བུའི་གཟུགས་ཁམས་གཞན་བཅུ་དྲུག་གང་རུང་རྟེན་ལ་སྐྱེས་པ་ཙམ་གྱི་སྐད་ཅིག་གཉིས་པའི་དུས་སུ་མྱང་འདས་མངོན་དུ་བྱེད་པའི་སྐྱེ་འདའ་བ། (3)དེ་ལྟ་བུའི་རྟེན་དེ་རྣམས་སུ་སྐྱེས་ནས་ལམ་ལ་ཞུགས་པ་ཙམ་ལས་འབད་རྩོལ་རགས་པ་ལ་མི་ལྟོས་པར་མྱང་འདས་མངོན་དུ་བྱེད་པའི་སྐྱེས་འདའ་བ། (4)དེར་སྐྱེས་ནས་འབད་རྩོལ་རགས་པ་དང་བཅས་ཏེ་མྱང་འདས་མངོན་དུ་བྱེད་པའི་སྐྱེས་འདའ་བ། (5)-(7)གོང་དུ་འཕོ་བ་གསུམ་ནི། [1]འཕར་བ་ནི། འདོད་པ་ནས་ཤི་འཕོས་ཏེ་ཚངས་རིས་སུ་སྐྱེས། དེ་ལས་ཤི་འཕོས་ནས་འོག་མིན་གྱི་རྟེན་དུ་འཕར་ཏེ་སྐྱེས་ནས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའོ། ། [2]ཕྱེད་འཕར་བ་ནི། འདོད་པ་ནས་ཤི་འཕོས་ནས་ཚངས་རིས་སུ་སྐྱེས། དེ་ནས་ཤི་འཕོས་ནས་གནས་གཙང་ལྔའི་དང་པོ་གསུམ་གང་རུང་དུ་སྐྱེས། དེ་ནས་ཤི་འཕོས་ནས་འོག་མིན་དུ་སྐྱེས་ནས་མྱང་འདས་མངོན་དུ་བྱེད་པའོ། ། [3]གནས་ཐམས་ཅད་དུ་འཕོ་བ་ནི། འདོད་པ་ནས་ཤི་འཕོས་ནས་ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིས་བཅུ་དྲུག་གི་གནས་ཐམས་ཅད་དུ་རིམ་གྱིས་སྐྱེས་ཤིང་ཤི་འཕོས་ནས་མཐར་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། ། (8)མཐོང་ལམ་ཐོབ་པའི་ཚེ་དེ་རང་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་བ། (9)འགོག་སྙོམས་ཐོབ་ལ་མ་ཉམས་པའི་ཕྱིར་མི་འོང་བ་དང་དགུའོ། ། 8.དགྲ་བཅོམ་ཞུགས་པ་ནི། བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་ཉོན་མོངས་མཐའ་དག་སྤོང་པའི་དགེ་སྦྱོང་ཚུལ་གྱི་འབྲས་སུ་ཐོབ་ཕྱིར་དུ་བརྩོན་ཞིང་ཞུགས་པའི་གང་ཟག 9.བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་ཉན་ཐོས་ཀྱི་ལམ་སྔོན་དུ་མ་བཏང་ཞིང་། སངས་རྒྱས་འབྱུང་བ་མེད་པར་དུད་འགྲོ་བསེ་རུ་ལ་རྭ་གཅིག་ལས་མེད་པ་ལྟར་རང་ཉིད་གཅིག་པུར་གནས་ཏེ་རང་གི་བྱང་ཆུབ་རང་གི་ཤེས་རབ་རྩལ་གྱིས་མངོན་དུ་བྱེད་པ་ཞིག་བཅས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་606.37ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number