10794

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཉིད་ལ་དགའ་བའི་ཉེས་དམིགས་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་།

དཀོན་བརྩེགས་འཕགས་པ་ལྷག་པའི་བསམ་པའི་བསྐུལ་བའི་མདོ་ལས་བྱུང་བ་སྟེ། ། 1.བྱང་ཆུབ་སེམས་དཔའ་གཉིད་ཆེ་བ་ནི་རྨུགས་པ་དང་། གཉིད་ཀྱིས་ནོན་ཏེ་ལེ་ལོ་ཆེ་བར་འགྱུར་བ། 2.ལུས་ཤ་ཆེ་བ། 3.མདོག་ཡོངས་སུ་མ་དག་པ། 4.དེའི་འབྱུང་བ་ཆེན་པོ་རྣམས་ནད་གཞིས་ནོན་པར་འགྱུར་བ། 5.དེའི་མེའི་ཁམས་ཆུང་བར་འགྱུར་བ། 6.དེའི་ཁ་ཟས་ལེགས་པར་འཇུ་བར་མི་འགྱུར་བ། 7.དེའི་ལུས་ལ་འབྲས་དང་ཕོལ་མིག་འབྱུང་བར་འགྱུར་བ། 8.ལེ་ལོ་ཅན་དུ་འགྱུར་བ། 9.དེའི་གཏི་མུག་གི་དྲ་བ་རྣམ་པར་འཕེལ་བར་འགྱུར་བ། 10.དེའི་ཤེས་རབ་ཉམ་ཆུང་བར་འགྱུར་བ། 11.དེ་ཁ་ཟས་འདོད་པ་ལས་ཡི་ག་འཆུ་བར་འགྱུར་བ། 12.དེ་གཏི་མུག་གི་མུན་པ་རབ་ཏུ་འཛིན་པར་འགྱུར་བ། 13.དེ་ལ་མི་མ་ཡིན་པ་རྣམས་བཀུར་སྟི་མི་བྱེད་པ། 14.སེམས་བརྟུལ་བར་འགྱུར་བ། 15.མི་ལྡང་བ་མང་བར་འགྱུར་བ། 16.དེའི་སེམས་བག་ལ་ཉལ་གྱིས་ཀུན་ནས་དཀྲིས་ཤིང་འདུག་པར་འགྱུར་བ། 17.དེ་དགེ་བའི་ཆོས་ལ་འདུན་པར་མི་འགྱུར་བ། 18.དགེ་བའི་ཆོས་ཐམས་ཅད་ལས་ཉམས་པར་འགྱུར་བ། 19.སྤྱོད་པ་ཞུམ་པར་གྱུར་ནས་བརྩོན་འགྲུས་རྩོམ་པ་རྣམས་ཀྱི་སྤྱོད་པ་ལ་སྨོད་པ། 20.འཁོར་གྱི་ནང་དུ་སོང་ན་བརྙས་པར་འགྱུར་བ་བཅས་སོ། །

Tibetan Source 《དཀོན་བརྩེགས་ཅ་པ་》ཤ་267བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number