10802

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པའི་ཏིང་ངེ་འཛིན་ཐོབ་པར་ལྡན་དགོས་པ་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1.འདི་ལ་བྱང་ཆུབ་སེམས་དཔའ་འདོད་ཆགས་རྣམ་པར་འཇིག་ཅིང་འདོད་ཆགས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ། 2.ཞེ་སྡོང་རྣམ་པར་འཇིག་ཅིང་ཞེ་སྡང་གི་སེམས་རྣམ་པར་འཇིག་པར་བགྱིད་པ། 3.གཏི་མུག་རྣམ་པར་འཇིག་ཅིང་གཏི་མུག་གི་སེམས་རྣམ་པར་འཇིག་པར་བགྱིད་པ། 4.ཕྲག་དོག་རྣམ་པར་འཇིག་ཅིང་ཕྲག་དོག་གི་སེམས་རྣམ་པར་འཇིག་པར་བགྱིད་པ། 5.ང་རྒྱལ་རྣམ་པར་འཇིག་ཅིང་ང་རྒྱལ་གྱི་སེམས་རྣམ་པར་འཇིག་པར་བགྱིད་པ། 6.འཆབ་པ་རྣམ་པར་འཇིག་ཅིང་འཆབ་པའི་སེམས་རྣམ་པར་འཇིག་པར་བགྱིད་པ། 7.ཁྲོ་བ་རྣམ་པར་འཇིག་ཅིང་ཁྲོ་བའི་སེམས་རྣམ་པར་འཇིག་པར་བགྱིད་པ། 8.ཡོངས་སུ་གདུང་བ་རྣམ་པར་འཇིག་ཅིང་ཡོངས་སུ་གདུང་བའི་སེམས་རྣམ་པར་འཇིག་པར་བགྱིད་པ། 9.འདུ་ཤེས་རྣམ་པར་འཇིག་ཅིང་འདུ་ཤེས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ། 10.ལྟ་བ་རྣམ་པར་འཇིག་ཅིང་ལྟ་བའི་སེམས་རྣམ་པར་འཇིག་པར་བགྱིད་པ། 11.རྟོག་པ་རྣམ་པར་འཇིག་ཅིང་རྟོག་པའི་སེམས་རྣམ་པར་འཇིག་པར་བགྱིད་པ། 12.ལེན་པ་རྣམ་པར་འཇིག་ཅིང་ལེན་པའི་སེམས་རྣམ་པར་འཇིག་པར་བགྱིད་པ། 13.འཛིན་པ་རྣམ་པར་འཇིག་ཅིང་འཛིན་པའི་སེམས་རྣམ་པར་འཇིག་པར་བགྱིད་པ། 14.མཚན་མ་རྣམ་པར་འཇིག་ཅིང་མཚན་མའི་སེམས་རྣམ་པར་འཇིག་པར་བགྱིད་པ། 15.སྲིད་པ་རྣམ་པར་འཇིག་ཅིང་སྲིད་པའི་སེམས་རྣམ་པར་འཇིག་པར་བགྱིད་པ། 16.རྟག་པ་རྣམ་པར་འཇིག་ཅིང་རྟག་པའི་སེམས་རྣམ་པར་འཇིག་པར་བགྱིད་པ། 17.ཆོད་པ་རྣམ་པར་འཇིག་ཅིང་ཆད་པའི་སེམས་རྣམ་པར་འཇིག་པར་བགྱིད་པ། 18.ཕུང་པོ་རྣམ་པར་འཇིག་ཅིང་ཕུང་པོའི་སེམས་རྣམ་པར་འཇིག་པར་བགྱིད་པ། 19.ཁམས་རྣམ་པར་འཇིག་ཅིང་ཁམས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ། 20.སྐྱེ་མཆེད་རྣམ་པར་འཇིག་ཅིང་སྐྱེ་མཆེད་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ། 21.ཁམས་གསུམ་པོ་རྣམ་པར་འཇིག་ཅིང་ཁམས་གསུམ་པ་ལ་དམིགས་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་བཅས་སོ། ། (སྐབས་འདིར་ཚན་པ་གཅིག་འཕར་བ་གཞུང་གཞན་དུ་དེ་སྐོར་གསལ་ན་ཞིབ་བསྡུར་དགོས།)

Tibetan Source 《དཀོན་བརྩེགས་ཆ་པ་》ཤ་30བ་7ལས་བཏུས། །
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number