10809

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ནག་པོ་དང་།
Tibetan Alternate
Tibetan Definition དཀར་པོའི་ཕྱོགས་རྣམ་པར་གཞག་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམ་པ་ཉི་ཤུ།

དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ། 1.འདོད་ཆགས། 2.འདོད་ཆགས་འདུལ་བ། 3.ཞེ་སྡང་། 4.ཞེ་སྡང་འདུལ་བ། 5.གཏི་མུག 6.གཏི་མུག་འདུལ་བ། 7.ཀུན་ཏུ་བསྡུས་པ། 8.རྣམ་པར་གཡེང་བ། 9.ཞུམ་པ། 10.རབ་ཏུ་འཛིན་པ། 11.རྒོད་པ། 12.རྒོད་པ་མ་ཡིན་པ། 13.ཉེ་བར་ཞི་བ། 14.ཉེ་བར་ཞི་བ་མ་ཡིན་པ། 15.ལེགས་པར་མཉམ་པར་གཞག་པ། 16.ལེགས་པར་མཉམ་པར་གཞག་པ་མ་ཡིན་པ། 17.ལམ་ལེགས་པར་བསྒོམས་པ། 18.ལམ་ལེགས་པར་བསྒོམས་པ་མ་ཡིན་པ། 19.ཤིན་ཏུ་རྣམ་པར་གྲོལ་བ། 20.ཤིན་ཏུ་རྣམ་པར་གྲོལ་མ་ཡིན་པ་བཅས་ཏེ། དེ་དག་ནི་ནག་པོ་དང་། དཀར་པོའི་ཕྱོགས་རྣམ་པར་གཞག་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཉི་ཤུ་ཡིན་པར་རིག་པར་བྱའོ། །

Tibetan Source 《བསྟན་འགྱུར་ཞི་པ་》ཤ་108ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number