10810

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གནམ་དབྱིབས་ངན་པ་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་ གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་སྟེ།

1.གྲུ་གསུམ་ཕུར་བུ་འདྲ་ན་ཚེ་ཐུང་། 2.འུར་མཐིལ་འདྲ་ན་ཐ་མ་སྤྲང་པོར་འགྲོ། 3.སྒོ་ང་བཅག་པ་འདྲི་ན་ཡུལ་མི་རྣམས་འཁྲུག 4.མདུང་རྩེ་འདྲ་ན་མི་ཁ་ལྡང་། 5.ཕུ་རལ་བ་འདྲ་ན་ཉེ་བ་རྣམས་འཁྲུག 6.མོ་མཚན་དང་འདྲ་ན་བུ་མོ་མང་། 7.ཤི་པགས་དྲུད་པ་འདྲ་ན་ཡུལ་མི་ཟིན། 8.ལུང་པའི་གཉའ་བ་ཤོར་བ་འདྲ་ན་གཉའ་གཅོག་མང་། 9.ཤར་ནུབ་ཤོར་ན་དགྲ་རྐུན་མང་། 10.རྗིད་ལྷུང་འདྲ་ན་བྱུར་དུ་འོང་། 11.སྡིག་སྦལ་དང་སྦྲུལ་འདྲ་ན་ཀླུ་ནད་ལྡང་། 12.གློ་བུག་འདྲ་ན་མིང་སྲིང་ལ་ཡུལ་བཞག་སྟེ་འབྲོས་པས་ངན། 13.རལ་གྲི་དང་མདུང་རྩེ་འདྲ་ན་སྐྱེས་པ་གྲིར་འཆི། 14.ཤི་པགས་བརྒྱངས་པ་འདྲ་ན་རིམས་ནད་ཡོང་། 15.རུས་སྦལ་གྱི་སྦོ་འདྲ་བས་མི་རིགས་ཀྱང་ནང་ཁ་མི་གཤིམ་པར་སོ་སོར་འགྱེས། 16.གྲུ་བཞི་ལྟེ་བ་འདྲ་བས་ཕྱི་དགྲ་མོད། 17.བླུམ་སྒོར་བཟང་ཡང་བུ་མོ་མང་། 18.ཤར་ནུབ་ཕྱེད་མར་སོང་ན་རྐྱེན་མང་ཞིང་མཐར་རབས་འཆད། 19.བྱ་རྒོད་འཕུར་བ་འདྲ་ན་དར་གུད་ཆེ། 20.མཚན་གཉིས་འདྲ་ན་མཐེ་རབས་འཆད་ཡོང་བརྒྱ་བཅས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཧ་པ་》ཤ་661.2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number