10811

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣམ་པ་ཉི་ཤུས་བྱང་ཆུབ་པའི་འཁོར་ལོ།
Tibetan Alternate
Tibetan Definition འདི་ལ་ཁག་གསུམ་ཡོད་པ་སྟེ། །

ཁག་དང་པོ། སྟོང་ཉིད་བཅོ་བརྒྱད་ཀྱི་ཐོག་ཏུ་རང་གི་ངོ་བོ་སྟོང་པ་ཉིད་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་གཉིས་བསྣན་པས་སྟོང་པ་ཉིད་བཅས་སོ། ། ཁག་གཉིས་པ། 1.ཤེས་རབ་ཀྱི་ཡེ་ཤེས་ལྔ། 2.ཐབས་ཀྱི་ཡེ་ཤེས་ལྔ། 3.དེ་ཉིད་ལུས་ཀྱིས་ཕྱེ་བའི་ཡེ་ཤེས་ལྔ། 4.བསམ་པས་ཕྱེ་བའི་ཡེ་ཤེས་ལྔ་བཅས་སོ། ། ཁག་གསུམ་པ། རྩ་རླུང་གི་སྐབས་སུ་དུས་འཁོར་ལྟར་ན། 1.གཙུག་ཏོར་ནམ་མཁའི་འཁོར་ལོ། 2.དཔྲལ་བ་ཆུའི་འཁོར་ལོ། 3.མགྲིན་པ་མེའི་འཁོར་ལོ། 4.སྙིང་ཁར་རླུང་གི་འཁོར་ལོ། 5.ལྟེ་བར་སའི་འཁོར་ལོ། 6.གསང་གནས་སུ་ཡེ་ཤེས་ཀྱི་ཁམས་བདེ་སྟོང་གི་འཁོར་ལོ་དང་དྲུག 7.རྐང་ལག་ཚིགས་ཆེན་བཅུ་གཉིས་ལ་འཁོར་ལོ་བཅུ་གཉིས། 8.སྨིན་མཚམས་དང་ལྟེ་འོག་གི་འཁོར་ལོ་གཉིས་བཅས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1234.15ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number