10822

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚུལ་བཞིན་ཡིད་ལ་བྱེད་པའི་བདག་ཉིད་ཀྱི་གཅེས་སྤྲས་བྱེད་པའི་ཆོས་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་མདོ་ལས་བྱུང་བ་འཕགས་པ་ཉན་ཐོས་ཡང་དག་པར་བྱེད་པ་སྟེ།

1.བརྩོན་པ། 2.བརྩོན་པ་དང་འགྲོགས་པ། 3.ཡོངས་སུ་འདྲི་བ། 4.མཐུན་པའི་ལུང་། 5.ལུག་ལྟར་ལྐུགས་པ་ཉིད་མ་ཡིན་པ། 6.སྲེད་པ་ཅན་མ་ཡིན་པ། 7.བྱ་བ་མི་མང་བ་ཉིད། 8.ལས་ཀྱི་མཐའ་ལེགས་པར་བྱས་པ་ཉིད། 9.བརྩོན་པ་མ་བཏང་བ་ཉིད། 10.བར་དུ་གཅོད་པ་རྣམས་ཐོས་ན་ཉམ་མི་ང་བ། 11.མ་ཁེངས་པ། 12.མཐུན་པར་འཛིན་པ་ཉིད། 13.དྲན་པ་ཉེ་བར་གཞག་པ་ཉིད། 14.བག་ཡོད་པ། 15.ཡུལ་དུ་གནས་པ། 16.དབང་པོ་རྣམས་ཀྱི་སྒོ་བསྲུངས་པ་ཉིད། 17.ཟས་ཀྱི་ཚོད་རིག་པ་ཉིད། 18.ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད། 19.དབེན་པ་ལ་མངོན་པར་དགའ་བ། 20.ཇི་ལྟ་བ་བཞིན་ལ་སོ་སོར་རྟོག་པ་བཅས་སོ། །

Tibetan Source 《མདོ་ལ་པ་》ཤ་293ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number