10824

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་བྱིན་པའི་ཕན་ཡོན་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་འཕགས་པ་ལྷག་པའི་བསམ་པའི་བསྐུལ་བའི་མདོ་ལས་བྱུང་བ་ལྟར་ན་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1.དྲན་པ་དང་ལྡན་པར་འགྱུར་བ། 2.བློ་གྲོས་དང་ལྡན་པར་འགྱུར་བ། 3.བློ་དང་ལྡན་པར་འགྱུར་བ། 4.བརྟན་པ་དང་ལྡན་པར་འགྱུར་བ། 5.ཤེས་རབ་དང་ལྡན་པར་འགྱུར་བ། 6.འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོག་པར་འགྱུར་བ། 7.འདོད་ཚགས་ཆུང་བར་འགྱུར་བ། 8.ཞེ་སྡང་ཆུང་བར་འགྱུར་བ། 9.གཏི་མུག་ཆུང་བར་འགྱུར་བ། 10.བདུད་ཀྱིས་གླགས་མི་རྙེད་པར་འགྱུར་བ། 11.སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པར་འགྱུར་བ། 12.མི་མ་ཡིན་པ་རྣམས་དེ་ལ་བསྲུང་བར་འགྱུར་བ། 13.ལྷ་རྣམས་དེ་ལ་གཟི་བྱིན་བསྐྱེད་པར་འགྱུར་བ། 14.མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་མི་འགྱུར་བ། 15.དེའི་མཛའ་བཤེས་རྣམས་མི་ཕྱེད་པར་འགྱུར་བ། 16.ཚིག་བཙུན་པར་འགྱུར་བ། 17.དེས་མི་འཇིགས་པ་ཐོབ་པར་འགྱུར་བ། 18.ཡིད་བདེ་བ་མང་བར་འགྱུར་བ། 19.མཁས་པས་བསྔགས་པར་འགྱུར་བ། 20.དེའི་ཆོས་ཀྱི་སྦྱིན་པ་དེ་ཡང་རྗེས་སུ་དྲན་པར་བྱ་བར་འོས་པར་འགྱུར་བ་བཅས་སོ། ། ཁག་གཉིས་པ། 1.དེའི་སྤོབས་པ་མ་སྐྱེས་པ་སྐྱེ་བར་འགྱུར་བ། 2.དེའི་སྤོབས་པ་སྐྱེས་པ་ཆུད་མི་ཟ་བར་འགྱུར་བ། 3.གཟུངས་ཐོབ་པར་བྱ་བའི་ཕྱིར་དེའི་སེམས་དྲང་པོར་འགྱུར་བ། 4.ཚེགས་ཆུང་ངུས་སེམས་ཅན་མང་པོ་དག་གི་དོན་བྱེད་པར་འགྱུར་བ། 5.ཚེགས་ཆུང་ངུས་སེམས་ཅན་རྣམས་དེ་ལ་གུས་པར་བྱེད། 6.རིམ་གྲོ་བྱེད་པར་འགྱུར་བ། 7.ལུས་ཀྱི་སྡོམ་པ་ཐོབ་པར་འགྱུར་བ། 8.ངག་གི་སྡོམ་པ་ཐོབ་པར་འགྱུར་བ། 9.ཡིད་ཀྱི་སྡོམ་པ་ཐོབ་པར་འགྱུར་བ། 10.ངན་འགྲོའི་འཇིགས་པ་ལས་འདའ་བར་འགྱུར་བ། 11.རབ་ཏུ་དགའ་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ། 12.ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཚར་གཅོད་པར་འགྱུར་བ། 13.དེའི་གཟི་བརྗིད་སེམས་ཅན་རིགས་མཐོན་པོ་དག་གིས་ཀྱང་མི་བཟོད་ན་ཕལ་པ་དག་གིས་ལྟ་ཅི་སྨོས་པ་དང་། དབང་པོ་ཟིལ་གྱིས་མི་ནོན་པར་འགྱུར་བ། 14.ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་འཛིན་པར་འགྱུར་བ། 15.ཞི་གནས་དང་ལྷག་མཐོང་ཐོབ་པར་འགྱུར་བ། 16.དཀའ་བ་སྤྱད་པ་དག་ཡོངས་སུ་རྫོགས་པར་འགྱུར་བ། 17.བརྩོན་འགྲུས་བརྩམས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ། 18.དམ་པའི་ཆོས་ཀུན་ཏུ་སྲུང་བར་འགྱུར་བ། 19.ཕྱིར་མི་ལྡོག་པའི་ས་མྱུར་དུ་ནོན་པར་འགྱུར་བ། 20.བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མཐུན་པར་གནས་པར་འགྱུར་བ་བཅས་སོ། །

Tibetan Source 《དཀོན་བརྩེགས་ཅ་པ་》ཤུ་251ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number