10826

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུགས་ཀྱི་སྐྱེ་མཆེད་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། ཆོས་མངོན་པའི་མཛོད་ཀྱི་བཤད་པ་མཛོད་གནས་དང་པོ་ལས་བྱུང་བ་སྟེ།

1.སྔོན་པོ། 2.སེར་པོ། 3.དཀར་པོ། 4.དམར་པོ། 5.རིང་པོ། 6.ཐུང་ངུ་། 7.ལྷམ་པ། 8.ཟླུམ་པོ། 9.མཐོན་པོ། 10.དམའ་བ། 11.ཕྱ་ལེ་བ། 12.ཕྱ་ལེ་བ་མ་ཡིན་པ། 13.སྤྲིན། 14.དུ་བ། 15.རྡུལ། 16.ཁུག་རྣ། 17.གྲིབ་མ། 18.ཉི་མ། 19.སྣང་བ། 20.མུན་པ་བཅས་སོ། ། ཁ་ཅིག་ནི་ནམ་མཁའ་ལ་ཁ་དོག་གཅིག་དང་ཉི་ཤུ་རྩ་གཅིག་ཏུ་འདོན་ཏོ། ། དེ་ལ་ཕྱ་ལེ་བ་ནི་དབྱིབས་མཉམ་པའོ། ། ཕྱ་ལེ་བ་མ་ཡིན་པ་ནི་དབྱིབས་མི་མཉམ་པའོ། ། ཁུག་རྣ་ནི་ལྷོ་བུར་རོ། ། ཉི་མ་ནི་ཉི་མའི་འོད་དོ། ། སྣང་བ་ནི་ཟླ་བ་དང་སྐར་མ་དང་མེ་དང་སྨན་དང་ནོར་བུ་རྣམས་ཀྱི་འོད་དག་གོ ། གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་བའོ། ། དེ་ལས་བཟློག་པ་ནི་མུན་པའོ། ། ལྷག་མ་ནི་བརྡ་ཕྲད་པར་སླ་བས་རྣམ་པར་མ་ཕྱེ་བའོ། ། གཟུགས་ཀྱི་སྐྱེ་མཆེད་ཁ་དོག་ཏུ་ཡོད་ལ་དབྱིབས་སུ་མེད་པའང་ཡོད་དེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། གྲིབ་མ་དང་། མུན་པ་ཞེས་བྱའོ། ། དབྱིབས་སུ་ཡོད་ལ་ཁ་དོག་ཏུ་མེད་པའང་ཡོད་དེ། རིང་པོ་ལ་སོགས་པའི་ཕྱོགས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དོ། ། གཉི་གུར་ཡོད་པའང་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་ལྷག་མའོ། །

Tibetan Source 《བསྟན་འགྱུར་མངོན་པ་ཀུ་པ་》ཤ་30ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number