10827

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུགས་ཅན་རྒྱན་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། གཟུགས་ཅན་རྒྱུན་གྱི་ངོ་བོ་ནི། བརྗོད་འདོད་དོན་ཉིད་དཔེ་དེ་ཡི། ། གཟུགས་སུ་བཀོད་པ་གཟུགས་ཅན་རྒྱུན། ། ཞེས་སོ། ། དེ་ཡི་དབྱེ་བ་ཉི་ཤུ་ལས།

1.བསྡུས་པའི་གཟུགས་ཅན་ནི། དཔེ་དང་དཔེ་ཅན་གཉིས་བར་གྱི། ། འབྲེལ་སྒྲ་བསྡུས་པ་བསྡུས་པའི་གཟུགས། ། ཞེས་སོ། ། 2.མ་བསྡུས་པའི་གཟུགས་ཅན་ནི། བར་གྱི་འབྲེལ་སྒྲ་མ་བསྡུས་པ། ། མ་བསྡུས་པ་ཡི་གཟུགས། ། ཞེས་སོ། ། 3.བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ནི། དཔེ་དང་དཔེ་ཅན་གཉིས་པོ་ཡི། ། བར་དུ་འབྲེལ་སྒྲ་འགའ་ཞིག་ནི། ། བསྡུས་ཤིང་མ་བསྡུས་གཟུགས་ཅན་ནོ། ། ཞེས་སོ། ། 4.མཐའ་དག་གཟུགས་ཅན་ནི། ཚེ་དང་ཆ་ཅན་ཐམས་ཅད་ཀུན། ། གཟུགས་བྱས་མཐའ་དག་གཟུགས་ཅན་ནོ། ། ཞེས་སོ། ། 5.ཆ་ཤས་གཟུགས་ཅན་ནི། ཆ་ཤས་གཟུགས་བྱས་ཆ་ཅན་ནི། ། གཟུགས་སུ་མ་བྱས་ཆ་ཤས་གཟུགས། ། ཞེས་སོ། ། 6.ཆ་ཤས་ཅན་གྱི་གཟུགས་ཅན་ནི། དེ་ལས་ལྡོག་སྟེ་གཟུགས་སུ་བཀོད། ། ཆ་ཤས་ཅན་གྱི་གཟུགས་ཅན་ནོ། ། ཞེས་སོ། ། 7.ཡན་ལག་གཅིག་སོགས་ཀྱི་གཟུགས་ཅན་ནི། ཡན་ལག་གཅིག་ཙམ་གཟུགས་བྱས་སོགས། ། སྦྱོར་ཚུལ་འགའ་ཡང་ཤེས་པར་བྱ། ། ཞེས་སོ། ། 8.ལྡན་པའི་གཟུགས་ཅན་ནི། དཔེ་དང་དཔེ་ཅན་སོ་སོའི་ཆོས། །ཕན་ཚུན་ལྡན་པ་ལྡན་པའི་གཟུགས། ། ཞེས་སོ། ། 9.མི་ལྡན་པའི་གཟུགས་ཅན་ནི། གཟུགས་གཉིས་ཕན་ཚུན་མི་ལྡན་པ། ། མི་ལྡན་པ་ཡི་གཟུགས་ཅན་ནོ། ། ཞེས་སོ། ། 10.མི་མཉམ་པའི་གཟུགས་ཅན་ནི། ཡན་ལག་ཅན་ནི་གཟུགས་བྱས་ལ། ། ཡན་ལག་གཟུགས་སུ་བྱས་མ་བྱས། ། ཅི་ལྟར་རིགས་པ་འཐེང་འགྲོས་ལྟར། ། སྤེལ་མར་སྦྱོར་བ་མི་མཉམ་གཟུགས། ། ཞེས་སོ། ། 11.ཁྱད་པར་ཅན་གྱི་གཟུགས་ཅན་ནི། དམིགས་བསལ་ཆོས་འགའ་གཟུགས་སུ་བྱས། ། ཁྱད་པར་བཅས་པའི་གཟུགས་ཅན་ནོ། ། ཞེས་སོ། ། 12.འགལ་བའི་གཟུགས་ཅན་ནི། དཔེ་དེར་སྲིད་མིན་ཁྱད་ཆོས་འགའ། ། བཀོད་པ་འགལ་བའི་གཟུགས་ཅན་ནོ། ། ཞེས་སོ། ། 13.རྒྱུའི་གཟུགས་ཅན་ནི། རྒྱུ་མཚན་གང་གིས་དཔེ་དངོས་སུ། ། རྟོགས་བྱེད་རྒྱུ་ཡི་གཟུགས་ཅན་ནོ། ། ཞེས་སོ། ། 14.སྦྱར་བའི་གཟུགས་ཅན་ནི། དཔེ་དང་དོན་གྱི་ཁྱད་ཆོས་དག ། སྒྲ་མཚུངས་སྦྱར་བའི་གཟུགས་ཅན་ནོ། ། ཞེས་སོ། ། 15.དཔེའི་གཟུགས་ཅན་ནི། གཟུགས་བཀོད་དཔེ་དང་དཔེ་ཅན་གཉིས། ། མཚུངས་སྒྲས་གསལ་བྱེད་དཔེ་ཡི་གཟུགས། ། ཞེས་སོ། ། 16.ལྡོག་པ་ཅན་གྱི་གཟུགས་ཅན་ནི། གཟུགས་སུ་བཀོད་པའི་དཔེ་དཔེ་ཅན། ། སོ་སོར་དབྱེ་འབྱེད་ལྡོག་པའི་གཟུགས། ། ཞེས་སོ། ། 17.འགོག་པའི་གཟུགས་ཅན་ནི། གཟུགས་ཅན་ཉིད་ལ་གཟུགས་ཀྱི་ནི། ། ཁྱད་ཆོས་འགལ་བ་ཉིད་མཐོང་བས། ། གཟུགས་ཅན་དེ་ལ་སྨད་ལྟར་བརྗོད། ། དེ་ནི་འགོག་པའི་གཟུགས་ཅན་ནོ། ། ། ཞེས་སོ། ། 18.མཉམ་འཇོག་གི་གཟུགས་ཅན་ནི། གཟུགས་བཀོད་དཔེ་དོན་སྐྱོན་ཅན་དུ ། མཉམ་བརྗོད་མཉམ་འཇོག་གཟུགས་ཅན་ནོ། ། ཞེས་སོ། ། 19.གཟུགས་ཅན་གྱི་གཟུགས་ཅན་ནི། དཔེ་ཅན་དེ་ཉིད་གཟུགས་གཅིག་ཏུ། ། བཀོད་རྗེས་དེ་ཡང་གཞན་ཞིག་གི། ། གཟུགས་སུ་བཀོད་པ་འཕར་མ་སྟེ། ། གཟུགས་ཅན་གྱི་ནི་གཟུགས་ཅན་ནོ། །ཞེས་སོ། ། 20.བསྙོན་དོར་གྱི་གཟུགས་ཅན་ནི། དངོས་སུ་དཔེ་ཅན་དེ་ཡི་ཆོས། ། གང་ཞིག་བཀོད་པའི་རྗེས་སུ་སློར། ། གཟུགས་དེ་མིན་ཞེས་འགོག་བྱེད་པ། ། བསྙོན་དོར་གཟུགས་ཅན་ཞེས་བྱ་འདོད། ། ཅེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》ཤ་5680.15ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number