10834

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་ཅན་དམྱལ་བ་ནས་ཤི་འཕོས་པའི་གང་ཟག་གི་རྟགས་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་ལེའུ་ཉེར་ལྔ་པ་མུ་སྟེགས་ཅན་ལུང་བསྟན་པའི་ལེའུ་ལས་བྱུང་བ་སྟེ།

1.སྐད་ཤ་ཤ་པོ་ཡིན། 2.སྐད་གྱོ་དུམ་གྱི་སྒྲ་ལྟ་བུ་ཡིན། 3.སྐད་བརྟག་དགོས་པ་ཡིན། 4.སྐད་ཆེ་བ་ཡིན། 5.སྐད་ལྷང་ལྷང་པོ་ཡིན། 6.རྟག་ཏུ་དངང་པ་ཡིན། 7.རྟག་ཏུ་འདར་བ་ཡིན། 8.རྟག་ཏུ་སྤུ་ཟིང་ཞེས་བྱེད་པ་ཡིན། 9.རྨི་ལམ་ན་མེའི་ཕུང་པོ་འབར་བ་མཐོང་བ་ཡིན། 10.རི་རྒྱུག་པར་མཐོང་བ་ཡིན། 11.མེ་མདག་འབར་བ་མཐོང་བ་ཡིན། 12.ལྕགས་ཟངས་ཀྱི་ནང་དུ་བཙོ་བ་མཐོང་བ་ཡིན། 13.ལག་ན་དབྱིག་པ་ཐོགས་པའི་མི་དག་མཐོང་བ་ཡིན། 14.སྲིན་པོ་དག་གིས་བདག་འཕངས་པར་མཐོང་བ་ཡིན། 15.བདག་ཉིད་གསོན་པོར་གསལ་ཤིང་གིས་གཟུགས་པར་མཐོང་བ་ཡིན། 16.ཁྱི་དག་གིས་བདག་འབྲད་པར་མཐོང་བ་ཡིན། 17.ཁྱི་དག་གིས་བདག་བསྐོར་བ་མཐོང་བ་ཡིན། 18.བདག་ཉིད་གླང་པོ་ཆེ་དང་སྦྲུལ་གྱིས་གཙེས་པར་མཐོང་བ་ཡིན། 19.ཕྱོགས་བཞིར་བྲོས་ན་ཕྱོགས་མི་ཤེས་པ་ཡིན། 20.སེམས་ཅན་ཀུན་ལ་ཡིད་མི་རྟོན་པ་ཡིན་པ་བཅས་སོ། །

Tibetan Source 《དཀོན་བརྩེགས་ངོ་པ་》ཤ་277བ་3ལས་བཏུས། །
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number