10836

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སོ་སོ་སྐྱེ་བོས་ལུས་ལ་བརྟག་པ་རྣམ་པ་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་།

མྱང་འདས་ལེའུ་བདུན་པ་ཚངས་པར་སྤྱོད་པ་ཞེས་བྱ་བའི་ལེའུ་ལས་བྱུང་བ་སྟེ། 1.བདག་གི་ལུས་འདི་ནི་གསོབ་གསོག་སྟེ། ཟག་པ་མེད་པ་མ་ཡིན་པ། 2.དགེ་བའི་རྩ་བ་རྣམས་མེད་པ། 3.བདག་གི་འཁོར་བ་འདི་མ་དུལ་བ། 4.ཤིན་ཏུ་གཡང་སར་ལྷུང་སྟེ་ཀུན་ནས་འཇིགས་པ། 5.ཐབས་ཇི་ལྟ་བུ་ཞིག་གིས་སངས་རྒྱས་ཀྱི་རང་བཞིན་མཐོང་བ། 6.ཇི་ལྟར་ཏིང་ངེ་འཛིན་བསྒོམས་ན་སངས་རྒྱས་ཀྱི་རང་བཞིན་མཐོང་བ། 7.འཁོར་བོ་ནི་རྟག་ཏུ་སྡུག་བསྔལ་བ་སྟེ། རྟག་པ་དང། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་མེད་པ། 8.མི་ཁོམ་པ་བརྒྱད་སྤང་དཀའ་བ། 9.འཁོན་དུ་འགྱུར་བའི་དགྲས་ཤིན་ཏུ་གཙེ་བ། 10.སྲིད་པ་ལས་བཟློག་པའི་ཆོས་གཅིག་ཙམ་ཡང་མེད་པ། 11.ངན་སོང་གསུམ་ལས་གྲོལ་བར་མ་གྱུར་པ། 12.མི་དགེ་བ་ངན་པར་ལྟ་བ་རྣམ་པ་སྣ་ཚོགས་དང་ལྡན་པ། 13.མཚམས་མེད་པ་ལྔ་ལས་བརྒལ་བའི་ཚོགས་མ་བསགས་པ། 14.འཁོར་བ་ནི་མཐོར་ཐུག་པ་མེད་དེ་མཐར་མ་ཕྱིན་ནོ་ཞེས་བྱ་བ། 15.ལས་རྣམས་མ་བྱས་ན་འབྲས་བུ་མི་ཐོབ་པ། 16.བདག་བྱས་པས་འབྲས་བུ་གཞན་གྱིས་མྱོང་བར་མི་འགྱུར་བ། 17.བདེ་བའི་རྒྱུ་མ་བྱས་ན་བདེ་བའི་འབྲས་བུ་མེད་པ། 18.ལས་བྱས་ཀྱང་འབྲས་བུ་རྣམས་མི་སྟོར་བ། 19.མ་རིག་པའི་རྒྱུ་ལས་སྐྱེས་ཏེ་མ་རིག་པའི་རྒྱུས་འཆི་བ། 20.འདས་པ་དང་། མ་འོངས་པ་དང་། ད་ལྟར་རྟག་ཏུ་ལེ་ལོ་སྤྱོད་པ་བཅས་སོ། །

Tibetan Source 《མྱང་འདས་ཀ་པ་》ཤ་488ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number