10837

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སོ་སོ་སྐྱེ་བོས་སེམས་སྐྱོ་བར་བྱ་བ་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1.བདག་ནི་རྟོགས་པས་གསོག་ཡིན། ། 2.མ་དུལ་བར་འཆི་བར་འགྱུར། ། 3.གཡང་སར་ལྟུང་བར་འགྱུར། ། 4.འཇིགས་པ་དང་བཅས་པའི་ཕྱོགས་སུ་འགྲོ་བར་འགྱུར། ། 5.འཇིགས་པ་མེད་པའི་ཕྱོགས་མི་ཤེས་པའོ། ། 6.ལས་མི་ཤེས་པའོ། ། 7.ཏིང་ངེ་འཛིན་མ་ཐོབ་པའོ། ། 8.ཡང་སྲིད་པ་ནི་སྡུག་བསྔལ་པའོ། ། 9.དལ་བ་ཕུན་སུམ་ཚོགས་པ་ནི་རྙེད་དཀའ་བའོ། ། 10.འདོད་པ་གསོད་པར་བྱེད་པས་རྟག་ཏུ་རྗེས་སུ་བཅིངས་པའོ། ། 11.བདག་ནི་འགྲོ་བ་ལས་མ་འདས་པའོ། ། 12.བདག་ནི་ངན་སོང་དག་ལས་ཡོངས་སུ་མ་གྲོལ་པའོ། ། 13.བདག་ནི་ལྟ་བར་གྱུར་པ་དཔག་ཏུ་མེད་པ་དང་ཡང་དག་པར་ལྡན་པའོ། ། 14.བདག་ནི་མཚམས་མེད་པའི་ལས་རྣམས་མི་བྱ་བའི་ཕྱིར་གེགས་མ་བྱས་པའོ། ། 15.-16.བདག་ནི་སྐྱེ་བའི་འཁོར་བ་ཐོག་མ་དང་། ཐ་མ་མེད་པའི་མཐར་མ་བྱས་པའོ། ། 17.མཐར་མ་བྱས་ན་བྱེད་པ་གཞན་མེད། 18.མ་བྱས་ན་བདེ་བའི་ངོ་བོ་མེད། 19.ལས་བྱས་པ་རྣམས་ནི་ཆུད་ཟ་བ་མེད། 20.བདག་ནི་མ་རིག་པར་གྱུར་ཅིང་མི་མཁས་ལ་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་སོ་སོའི་སྐྱེ་བོས་སེམས་སྐྱོ་བར་བྱ་བའོ། །

Tibetan Source 《མདོ་ལ་པ་》ཤ་295ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number