10843

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཁྲི་རལ་པ་ཅན་གྱི་སྐབས་བཙན་པོ་དང་། དབོན་སྲས་ཀྱི་ཁབ། འབངས་བཅས་ཀྱིས་བཞེངས་པའི་ལྷ་ཁང་ཉེར་གཅིག
Tibetan Alternate
Tibetan Definition དང་པོ་བཙན་པོས་བཞེངས་པའི་ལྷ་ཁང་བརྒྱད་ནི།

1.འོན་ཅང་རྡོར་ངན་སོང་སྦྱོང་བའི་ལྷ་ཁང་བཞེངས་ནས། ཡབ་མེས་ཀྱི་ལྷ་ཁང་བས་ཀྱང་བཟོ་སྣ་བཅུ་གསུམ་གྱིས་འཕགས་པ་བྱས་སོ། ། 2.མདོ་ཁམས་སུ་རབ་སྟོང་ཚར་གྱི་ལྷ་ཁང་བཞེངས། 3.གླིང་ཡུལ་དུ་གཙུག་ལག་ཁང་རིང་པོ་བཞེངས། 4.སུམ་པར་གླེའུ་མཐོང་གྲོལ་གྱི་གཙུག་ལག་ཁང་བཞེངས། 5.ཁྲི་སྡེ་དང་འོག་ཏུ། ཀ་བྲག་དཀོན་མཆོག་འབྱུང་གནས། 6.འོ་རུ་བྱམས་ཆེན་ལ་སོགས་པ་སངས་རྒྱས་དཀོན་མཆོག་གི་རྟེན་བཙུགས། 7.ཡབ་མེས་ཀྱི་ལྷ་ཁང་བརྒྱ་རྩ་བརྒྱད་མ་ཐིམ་པ་ཡང་རྩིབས་ཀྱི་ཁྲག་སྒོ་ཅན། 8.གུར་མོའི་ལྷ་ཁང་གིས་གྲངས་ཐིམ་པར་བྱས་པའོ། ། གཉིས་པ་དབོན་སྲས་ཀྱི་ཁབ་ཀྱིས་བཞེངས་པའི་ལྷ་ཁང་གསུམ་ནི། 1.ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་གྱིས་བཙན་ཐང་ལྷ་ཁང་བཞེངས། 2.མཆིམས་བཟའ་ཡོན་ཏན་སྒྲོལ་མས་གངས་བར་གྱི་ལྷ་ཁང་བཞེངས། ། 3.ཚེ་སྤོང་བཟའ་ཡུམ་ཆེན་བཙན་མོ་འཕན་གྱིས་དཔག་བསམ་གྱི་ལྕང་བུ་ལྷ་ཁང་བཞེངས་པའོ། ། གསུམ་པ་འབངས་ཀྱིས་བཞེངས་པའི་ལྷ་ཁང་བཅུ་ནི། 1.བྲན་ཀས་དགྱེས་ཚལ་ལྷ་ཁང་བཞེངས། 2.དབས་ཀྱིས་མདོ་ཚུལ་གྱི་ལྷ་ཁང་བཞེངས། 3.གནོན་གྱིས་འོད་མཆོག་མཛེས་པའི་ལྷ་ཁང་བཞེངས། 4.-5.མྱང་གིས་ཞ་དང་སྔོག་གི་ལྷ་ཁང་བཞེངས། 6.-7.སྦོས་ཀྱིས་གླག་མདའ་དང་ཕུར་ལུང་བཞེངས། 8.ལོས་ལོའི་ལྷ་ཁང་བཞེངས། 9.-10.ཚེ་སྤོང་གིས་བྱ་རྒོད་ལྗོངས་ཀྱི་ལྷ་ཁང་དང་ཐོག་མའི་ལྷ་ཁང་བཞེངས་པ་བཅས་སོ། །

Tibetan Source 《ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་》དེབ་ཤ་135.4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number