10859

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མདོ་སྡེ་རྒྱན་གྱིས་སེམས་ཙམ་རྣམ་བདེན་པའི་ལུགས་སྤྱོད་པའི་ཆ་གཙོ་བོར་སྟོན་པ་ལེའུ་ཉེར་གཅིག
Tibetan Alternate
Tibetan Definition དེ་ཡང་། བྱམས་ཆོས་སྡེ་ལྔའི་ནང་གི་མདོ་སྡེ་རྒྱན་གྱིས། ས་སྡེ་ལྔའི་དགོངས་པ་དོན་གཅིག་པར། སེམས་ཙམ་རྣམ་བདེན་པའི་ལུགས་ཀྱི་སྤྱོད་པའི་ཆ་གཙོ་བོར་སྟོན་པ་སྟེ།

1.ལེའུ་དང་པོས་སྤྱིར་བསྟན། 2.ལེའུ་གཉིས་པས་ཐེག་ཆེན་བཀར་བསྒྲུབས། 3.སྐྱབས་འགྲོའི་ལེའུ། 4.བཞི་པ་རིགས་ཀྱི་ལེའུ། 5.ལྔ་པ་སེམས་བསྐྱེད་ཀྱི་ལེའུ་དེ་རྣམས་ཀྱིས་མདོ་སྡེ་རྒྱུན་ཉམས་སུ་ལེན་པའི་གང་ཟག་གམ་མདོ་སྡེ་རྒྱུན་གྱི་ཆེད་དུ་བྱ་བའི་གདུལ་བྱ་སོ་སྐྱེ་དེ་ལ་ཡོན་ཏན་དེ་དང་ལྡན་པ་ཞིག་དགོས་ཞེས་བསྟན། 6.དྲུག་པ་བདག་གཞན་དང་དོན་གྱི་ལེའུ། 7.དེ་ཁོ་ན་ཉིད་ཀྱི་ལེའུ། 8.མཐུ་གྲུབ་པའི་ལེའུ། 9.རང་གཞན་སྨིན་པའི་ལེའུ། 10.དེ་ལ་བརྟེན་ནས་བྱང་ཆུབ་ཐོབ་པའི་ལེའུ་རྣམས་ཀྱིས། མདོ་སྡེ་རྒྱན་ཉམས་སུ་ལེན་པ་པོའི་གང་ཟག་གིས་གང་ལ་བསླབ་པར་བྱ་བའི་གཞི་བསྟན། ། 11.ཆོས་མོས་ཀྱི་ལེའུ། 12.ཆོས་ཚོལ་བའི་ལེའུ། 13.ཆོས་བཤད་པའི་ལེའུ། 14.ཆོས་བསྒྲུབ་པའི་ལེའུ། 15.གདམས་ངག་རྗེས་བསྟན་གྱི་ལེའུ། 16.ཐབས་ལྡན་གྱི་ལེའུ་རྣམས་ཀྱིས་མདོ་སྡེ་རྒྱན་ཉམས་སུ་ལེན་པ་པོའི་གང་ཟག་གིས། ཚུལ་ཇི་ལྟར་ཉམས་སུ་ལེན་ཚུལ་དེ་བསྟན། 17.ཕྱིན་དྲུག་བསྡུ་བཞིའི་ལེའུ། 18.མཆོད་རྟེན་ཚད་མེད་ཀྱི་ལེའུ། 19.བྱང་ཆུབ་ཕྱོགས་མཐུན་གྱི་ལེའུ། 20.ཡོན་ཏན་གྱི་ལེའུ་རྣམས་ཀྱིས། ལེའུ་བཅུ་དྲུག་པ་ཐབས་ལྡན་རྒྱས་པར་བཤད་པའོ། ། 21.སྤྱོད་པ་མཐར་ཐུག་གི་ལེའུ་ནི་ཐོབ་བྱ་མཐར་ཐུག་ཐོབ་ནས་གདུལ་བྱ་རྗེས་སུ་གཟུང་ཚུལ་བཤད་པའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་421.11ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number