10870

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བོད་ཡིག་གི་མ་ཆོས་ཉི་ཤུ་རྩ་གཅིག
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་བཟོ་རིག་པ་ལས་བྱུང་བ་སྟེ། 1.མགོ་རབ་ཐག་ཟླུམ་གྲིས་བཅད་འདྲ་བ། 2.མགོ་འབྲིང་ཀ་ག་ཞུ་འདྲ་བ། 3.མགོ་མཐའ་ཚག་མགོ་འདྲ་བ། 4.དཔུང་རབ་ཐུགས་ཀར་རྡོར་འཛིན་འདྲ་བ། 5.དཔུང་འབྲིང་སྐྱེས་པ་མདའ་འཕེན་འདྲ་བ། 6.དཔུང་ཐ་ལག་ཆག་ཕྲེད་ཉལ་འདྲ་བ། 7.སྦོ་རབ་སྒྲོས་ཆག་གྲི་ལྟག་འདྲ་བ། 8.སྦོ་འབྲིང་སྤུ་ལྕགས་གྲིམ་འདྲ་བ། 9.སྦོ་ཐ་གྲོག་སྐེད་འདྲ་བ། 10.ཟགས་རབ་གསེགས་སྦྱོར་ཐུང་རྣོ། 11.ཟགས་འབྲིང་ཕག་དགྱེའོ་ཕག་སྣ། 12.ཟགས་ཐོ་དགུར་པོ་གླང་སྣ། 13.ཡར་འཐེན་རབ་རྒྱ་ཁབ་བསླང་འདྲ། 14.ཡར་འབྲིང་རྔ་དབྱུག་འཕྱར་འདྲ། 15.ཡར་ཐ་ལག་མགོ་བཅད་འདྲ། 16.མར་འཐེན་རབ་སྒྲོག་ལྕགས་རྐང་འདྲ་བ། 17.མར་འབྲིང་ཁྱི་གུའི་འཇུག་མ་འདྲ་བ། 18.མར་ཐ་འབུ་མཇུག་རྐང་འདྲ་བ། 19.མིག་རབ་ཉ་མིག 20.མིག་འབྲིང་ནས་འདྲ། 21.མིག་ཐ་ཟུར་གསུམ་ཁྲོ་མིག་བཅས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཛ་པ་》ཤ་496.19ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number