10871

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བོད་ཡིག་གི་མ་ཆོས་ཉི་ཤུ་རྩ་གཅིག
Tibetan Alternate
Tibetan Definition ཁག་གཉིས་པ།

1.མགོ་གསུམ་སྟེ། (1)མགོ་རབ་ཐིག་ཟླུམ་གྲིས་བཅད། (2)མགོ་འབྲིང་ཀ་གཞུ། (3)ཐ་མ་ཚགས་མགོའོ། 2.དཔུང་གསུམ་སྟེ། (1)དཔུང་རབ་ཐུགས་ཀར་རྡོར་འཛིན། (2)འབྲིང་མདའ་འཕེན། (3)ཐ་མ་ལག་ཆག་འཕྲེད་ཉལ་ལོ། ། 3.སྒོ་གསུམ་སྟེ། (1)སྦོ་རབ་སྒྲོས་ཆགས་གྲི་ལྟག་འདྲ་བ། (2)སྦོ་འབྲིང་སྤུ་ཐག་སྒྲིམ་འདྲ། (3)ཐོ་མ་གྲོག་སྐེད་འདྲ་བའོ། ། 4.ཟགས་མཆུ་གསུམ་སྟེ། (1)རབ་གསེག་སྦྱོར་ཐུང་ནོ། (2)འབྲིང་དགྱེ་བོ་ཕག་སྣ། (3)ཐ་མ་སྒུར་པོ་གླང་སྣའོ། ། 5.ཡར་འཐེན་གསུམ་སྟེ། (1)རབ་རྒྱ་ཁབ་བསླངས་འདྲ། (2)འབྲིང་རྔ་གདུགས་འཕྱུང་འདྲ། (3)ཐ་མ་ལག་མགོ་བཅད་འདྲའོ། ། 6.མར་འཐེན་གསུམ་སྟེ། (1)རབ་སྒོ་ལྕགས་རྐང་འདྲ། (2)འབྲིང་ཁྱི་གུའི་མཇུག་འདྲ། (3)ཐ་མ་འབུ་མཇུག་སྦྲང་རྐང་ངོ་། ། 7.མིག་གསུམ་སྟེ། (1)རབ་ཉ་མིག (2)འབྲིང་ནས་འདྲ། (3)ཐ་མ་ཟུར་གསུམ་ཁྲོ་མིག་བཅས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1829.22ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number