10873

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དབང་པོ་ཉི་ཤུ་རྩ་གཅིག
Tibetan Alternate
Tibetan Definition དེ་ཡང་། ཚིག་དོན་མཛོད་ལས་བྱུང་བ་སྟེ།

1.དབང་པོ་རབ་ལ། རབ་ཀྱི་ཐ་མ། རབ་ཀྱི་འབྲིང་། རབ་ཀྱི་རབ། རབ་ཀྱི་ཕུལ། རབ་ཀྱི་མཆོག རབ་ཀྱི་རྩེ་མོ། རབ་ཀྱི་མཐར་ཕྱིན་པ་དང་བདུན་ནོ། ། དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། ། 2.དབང་པོ་འབྲིང་ལ། འབྲིང་གི་ཐ་མ། འབྲིང་གི་འབྲིང་། འབྲིང་གི་རབ། འབྲིང་གི་ཕུལ། འབྲིང་གི་མཆོག འབྲིང་གི་རྩེ་མོ། འབྲིང་གི་མཐར་ཕྱིན་པ་དང་བདུན་ནོ། ། དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ་། ། 3.དབང་པོ་ཐ་མ་ལ། ཐ་མའི་ཐ་མ། ཐ་མའི་འབྲིང་། ཐ་མའི་རབ། ཐ་མའི་མཆོག ཐ་མའི་ཕུལ། ཐ་མའི་རྩེ་མོ། ཐ་མའི་རྩེ་ཟིན་པ་དང་བདུན་བཅས་སོ། །

Tibetan Source 《ཀློང་ཆེན་མཛོད་བདུན་ག་པ་》ཤ་160བ་ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number