10875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚངས་རིས་ཀྱི་ལྷའི་ཚེ་ཚད་ཉེར་གཅིག
Tibetan Alternate
Tibetan Definition དེ་ཡང་། ཚེ་མཐའི་མདོ་ལས་བྱུང་བ་སྟེ།

1.ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དེ། བར་མ་དོར་འཆི་བ་ནི་ཡོད། 2.ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པའི་བཞི་ཆ་གསུམ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 3.ཚངས་ཆེན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་བ་གཅིག་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 4.འོད་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཉིས་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 5.ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 6.འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་བ་བརྒྱད་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 7.དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཅུ་དྲུག་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 8.ཚད་མེད་དགེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སུམ་ཅུ་རྩ་གཉིས་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 9.དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཅུ་རྩ་བཞི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 10.སྦྱིན་མེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 11.བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་བརྒྱ་རྩ་ལྔ་བཅུ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 12.འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ལྔ་བརྒྱ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། ། 13.འདུ་ཤེས་མེད་པའི་སེམས་ཅན་དང་། མི་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། ། 14.མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 15.ཤིན་ཏུ་མཐོང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 16.གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 17.འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཁྲི་དྲུག་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད། 18.ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད། 19.རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད། 20.ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད། 21.འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། ། དེ་ལྟར་དམྱལ་བ་ཆེན་པོ་མནར་མེད་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་ སྐྱེ་མཆེད་ཀྱི་བར་དེ་དག་ནི། སྲིད་པའི་རྩེ་མོ་དང་། དེ་དག་ནི་སྲིད་པའི་རྩེ་མོ་ཡིན་ནོ། །

Tibetan Source 《མདོ་ལ་པ་》ཤ་222ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number