10881

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག
Tibetan Alternate
Tibetan Definition དེ་ཡང་། སེམས་བསྐྱེད་སོགས་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་མཐར་ཕྱིན་པའི་ཡེ་ཤེས། ཡེ་ཤེས་ཆོས་སྐུའི་མཚན་ཉིད། དེ་ལ་དབྱེ་ན།

1.བྱང་ཕྱོགས་སོ་བདུན། 2.ཚད་མེད་བཞི། 3.རྣམ་ཐར་བརྒྱད། 4.མཐར་གནས་སྙོམས་འཇུག་དགུ། 5.ཟད་པར་བཅུ། 6.ཟིལ་གནོན་བརྒྱད། 7.ཉོན་མོངས་པའི་ཏིང་འཛིན། 8.སྨོན་གནས་མཁྱེན་པ། 9.མངོན་ཤེས་དྲུག 10.སོ་སོ་ཡང་དག་པ་རིག་པ་བཞི། 11.རྣམ་དག་བཞི། 12.དབང་བཅུ། 13.སྟོབས་བཅུ། 14.མི་འཇིགས་པ་བཞི། 15.བསྲུང་བ་མེད་པ་རྣམ་གསུམ། 16.དྲན་པ་ཉེ་བར་བཞག་པ་བཞི། 17.བསྙེལ་བ་མི་མངའ་བའི་ཆོས་ཉིད། 18.བག་ཆགས་ཡང་དག་བཅོམ་པ། 19.ཐུགས་རྗེ་ཆེན་པོ། 20.སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། 21.གཞི་ཤེས་ལམ་ཤེས་རྣམ་མཁྱེན་གསུམ་བཅས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤོག་ངོས་363ཕྲེང་17ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number