10891

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གྲངས་ཀྱི་མངོན་བརྗོད་ལས་གཅིག་ནས་ཐིག་ལེ་བར་རྣམ་གྲངས་ཉི་ཤུ་རྩ་གཉིས་ཀྱི་རེའུ་མིག
Tibetan Alternate
Tibetan Definition ཤེས་བྱ་མཐའ་དག་རྩི་ནའང་། ། འབྲི་བྱའི་ཡི་གེ་བཅུ་རུ་ཤེས། ། ཞེས་པ་ལྟར་གཅིག་ནས་དགུའི་བར་དང་གནས་འཛིན་གྱི་ཐིག་ལི་སྟེ་ཡི་གེ་བཅུ་པོ་ལ་གྲངས་ཀྱི་རྩ་བ་ཞེས་བྱ་སྟེ་ཤེས་བྱ་ཐམས་ཅད་འདི་ཡིས་འཇལ་དགོས། གྲངས་ཀྱི་རྩ་བ་བཅུ་པོ་དེ་དག་དང་དེ་དག་ལས་གྲུབ་པའི་རྩི་བྱེད་ཀྱི་གྲངས་གཞན་རྣམས་ཀྱི་མིང་གཞན་ནི་གྲངས་ཀྱི་མངོན་བརྗོད་ཡིན། དེ་ལྟར་གྲངས་ཀྱི་མངོན་བརྗོད་སྦྱར་བའི་ཕན་ཡོན་ཡང་། སྤྱིར་མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས་ཞེས་གསུངས་པ་བཞིན་ཚིགས་བཅད་སྙན་ངག་ སོགས་འབྲི་བའི་སྐབས་སུ་ཚིག་རྐང་སྡེབ་སྦྱོར་བྱེད་བདེ་བ། ཉམས་ཐོན་ཐུབ་པ། མིང་གི་བསྐྱར་ཟློས་སྤོང་བ་སོགས་མངོན་བརྗོད་སྤྱིའི་ཁྱད་ཆོས་དང་ལྡན་པར་མ་ཟད། སྒོས་སུ་སྐར་རྩིས་རིག་པའི་གཞུང་ལག་ལེན་གྱི་སྐབས་སུ། ཨང་ཀི་གཅིག་ནོར་ནའང་རྩིས་ཀྱི་རི་མོ་འཕྱུགས་ཏེ་རྩིས་འབྲས་སོགས་ཀྱང་ལོག་པར་འབྱིན་ཉེན་ཆེ་བས་ཨང་ཀི་འབྲི་བགྲང་སོགས་ཀྱི་སྐབས་སུ་ནོར་འཁྲུལ་མི་འབྱུང་བ་ལ་དམིགས་བསལ་གྱི་ཕན་ནུས་ཆེན་པོ་ཡོད་དོ། ། རྩིས་ཀྱི་བསྟན་བཅོས་རྣམས་སུ་གྲངས་ཅི་རིགས་ཤིག་འབྲི་སྐབས་གྲངས་ཀྱི་མངོན་བརྗོད་སོགས་ཀྱི་མིང་ནས་བརྗོད་པ་དང་དེ་དག་གི་སྟེང་དུ་ཨང་ཀི་འབྲི་བའི་ལུགས་སྲོལ་ཡོད་དེ་གྲངས་དངོས་དང་མངོན་བརྗོད་གཉིས་སྦྲགས་ཀྱི་སྒོ་ནས་གྲངས་དེ་རིགས་རྣམས་མཚོན་པར་བྱེད་པས་ན། དཔར་མི་གསལ་བ་དང་། ཡང་ན་བྲིས་ཉེས་པ་སོགས་བྱུང་ཚེ་གྲངས་དང་མངོན་བརྗོད་གཉིས་གཅིག་གྲོགས་གཅིག་གི་ཚུལ་དུ་ཕན་ཚུན་གོ་བསྡུར་ཞུ་དག་བྱེད་ཐུབ་པས་དམིགས་བསལ་གྱི་ཁྱད་ཆོས་དང་ལྡན་པ་ཡིན་ནོ། ། གྲངས་ཀྱི་མངོན་བརྗོད་གྲགས་ཆེ་བ་སྤྱི་ཡོངས་སུ་བཀོལ་སྤྱོད་བྱེད་བཞིན་པ་ནི་རིགས་ལྡན་སྙིང་ཐིག་ལས། རང་བཞིན་གཟུགས་དང་བསེ་རུ་དང་། ། ཟླ་བ་འོད་དཀར་རི་བོང་ཅན། ། འདི་རྣམས་གཅིག་གི་མིང་དུ་གྲགས། ། མིག་ཟུང་བགྲོད་པ་ཐབས་ཤེས་དང་། ། འཁྲིག་སྦྱོར་གཤིན་རྗེ་མཚེ་མ་གཉིས། ། འཇིག་རྟེན་ཚ་བ་ཡོན་ཏན་མེ། ། སྲིད་པ་རྩེ་མོ་ཅན་རྣམས་གསུམ། ། རྒྱ་མཚོ་ཆུ་གཏེར་ཆུ་བོ་བདུད། ། རིག་བྱེད་སྡེ་པ་ཟུང་ལྡན་བཞིན། ། འདོད་ཡོན་ཉེར་སྤྱོད་ཕུང་པོ་མདའ། ། འབྱུང་བ་དབང་པོ་ལྔ་ཡི་མིང་། ། རོ་དུས་བྲོ་བ་མཚམས་རྣམས་དྲུག ། རིན་ཆེན་ས་འཛིན་ཐུབ་པ་གླིང་། ། དྲང་སྲོང་རི་གཟའ་རྟ་རྣམས་བདུན། ། ལྷ་ཀླུ་བཀྲ་ཤིས་གདེངས་ཅན་སྦྲུལ། ། ལྟོ་འགྲོ་ནོར་ལྷ་ནོར་དབྱིག་བརྒྱད། ། སྲིན་པོ་བུ་ག་གཏེར་རྩ་དགུ། འཇུག་པ་ཁྲོ་བོ་སྒྲ་སྒྲོག་ཕྱོགས། ། འབྱོར་པ་སྟོབས་དང་སོར་མོ་བཅུ། ། དྲག་པོ་དབང་ཕྱུག་བདེ་བྱེད་དང་། ། བདེ་འབྱུང་འཕྲོག་བྱེད་བཅུ་གཅིག་གོ །ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས། ། གདུགས་རིམ་སྣ་ཚོགས་ལུས་མེད་དང་། ། འདོད་པ་མྱོས་བྱེད་བཅུ་གསུམ་མིང་། ། མ་ནུ་ཤེད་བུ་ཡིད་སྲིད་པ། ། སྲིད་པའི་གནས་རྣམས་བཅུ་བཞིའོ། ། ཚེས་ཞེས་བྱ་བ་བཅོ་ལྔའི་མིང་། ། ཆ་ཤས་དང་ནི་རྒྱལ་པོ་དང་། །མི་བདག་ཅེས་པ་བཅུ་དྲུག་གོ ། ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་དོ། ། རྒྱལ་བ་ཡུལ་ནི་ཉེར་བཞིའོ། ། དེ་ཉིད་ཉི་ཤུ་རྩ་ལྔ་སྟེ། ། སྐར་མ་འཁོར་ལོ་ཉེར་བདུན་མིང་། ། སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། ། སྟོང་པ་ནམ་མཁའ་ཐིག་ལེ་སྟེ། ། གྲངས་ཀྱི་མིང་གི་རྣམ་གྲངས་སོ། ། ཞེས་འབྱུང་བ་ལྟར་ཡིན། ། རྩིས་གཞུང་བཻ་དཀར་ལས་འབྱུང་བའི་གྲངས་ཀྱི་མངོན་བརྗོད་ཀྱང་འདི་དང་ཧ་ལམ་མཐུན་པར་སྣང་ཞིང་། གཞན་ཡང་། གྲངས་ཀྱི་མིང་གི་མངོན་བརྗོད་འདི། ། རྡོ་རྗེའི་ཚིག་དོན་སྦས་ཚུལ་དུ། ། བརྗོད་པར་རྗེས་གྲུབ་བཏགས་པའི་ཕྱིར། ། ཚད་དུ་བཟུང་བར་མི་ནུས་ཀྱང་། ། གྲགས་ཆེ་ཉེར་མཁོ་དེ་ཙམ་མོ། ། ཞེས་འབྱུང་བ་ལྟར་དཔེར་ན་ཟླ་བ་ཞེས་པ་གྲངས་གཅིག་ལ་འཇུག་པས་ཟླ་བའི་མིང་གཞན་ཐམས་ཅད་གཅིག་ལ་འཇུག ཉི་མ་བཅུ་གཉིས་ལ་འཇུག་པས་ཉི་མའི་མིང་གཞན་ཐམས་ཅད་བཅུ་གཉིས་ལ་འཇུག་པ་སོགས་ཚད་དུ་བཟུང་བ་དཀའ། ། དེས་ན་འདིར་གྲངས་ཀྱི་མངོན་བརྗོད་གྲགས་ཆེ་བ་དེ་རྣམས་བལྟ་འཚོལ་བདེ་བའི་ཕྱིར་རེའུ་མིག་ཏུ་བཀོད་ན་གཤམ་དུ་གསལ།
Tibetan Source 《རྩིས་རིག་ལ་འཇུག་པའི་སྒོ་》དེབ་གཟུགས་ཤ་115.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number