11209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གོང་དུ་བསྒྲེས་པའི་རྩིས་ཀྱི་ལུགས་སམ་གྲངས་གནས་སུམ་ཅུ་རྩ་དྲུག
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ།

1.བྱེ་བ་ཕྲག་བརྒྱ་ན་ཐེར་འབུམ་ཞེས་བྱའོ། ། 2.ཐེར་འབུམ་ཕྲག་བརྒྱ་ན་ཁྲག་ཁྲིག་ཅེས་བྱའོ། ། 3.ཁྲག་ཁྲིག་ཕྲག་བརྒྱ་ན་གཏམས་པ་ཞེས་བྱའོ། ། 4.གཏམས་པ་ཕྲག་བརྒྱ་ན་དཀྲིགས་པ་ཞེས་བྱའོ། ། 5.དཀྲིགས་པ་ཕྲག་བརྒྱ་ན་མི་འཁྲུགས་ཞེས་བྱའོ། ། 6.མི་འཁྲུགས་ཕྲག་བརྒྱ་ན་ཁྱད་ཕྱིན་ཅེས་བྱའོ། ། 7.ཁྱད་ཕྱིན་ཕྲག་བརྒྱ་ན་ཕང་སྟེང་ཞེས་བྱའོ། ། 8.ཕོང་སྟེང་ཕྲག་བརྒྱ་ན་མང་འཛིན་ཅེས་བྱའོ། ། 9.མང་འཛིན་ཕྲག་བརྒྱ་ན་གླང་པོའི་སྟོབས་ཞེས་བྱའོ། ། 10.གླང་པོའི་སྟོབས་ཕྲག་བརྒྱ་ན་ངོགས་ཐོབ་ཅེས་བྱའོ། ། 11.ངོགས་ཐོབ་ཕྲག་བརྒྱ་ན་རྣམ་པར་བཞག་པ་གདགས་པ་ཞེས་བྱའོ། ། 12.རྣམ་པར་བཞག་པ་གདགས་པ་ཕྲག་བརྒྱ་ན་རྒྱུ་རིག་ཅེས་བྱའོ། ། 13.རྒྱུ་རིག་ཕྲག་བརྒྱ་ན་ལག་སྦྱིན་ཞེས་བྱའོ། ། 14.ལག་སྦྱིན་ཕྲག་བརྒྱ་ན་རྒྱུ་དབང་ཞེས་བྱའོ། ། 15.རྒྱུ་དབང་ཕྲག་བརྒྱ་ན་རྫོགས་ཐོབ་ཅེས་བྱའོ། ། 16.རྫོགས་ཐོབ་ཕྲག་བརྒྱ་ན་བགྲང་རྟོགས་ཞེས་བྱའོ། ། 17.བགྲང་རྟོགས་ཕྲག་བརྒྱ་ན་སྒྲིབ་པ་ཞེས་བྱའོ། ། 18.སྒྲིབ་པ་ཕྲག་བརྒྱ་ན་སྟོབས་བྱའོ། ། 19.སྟོབས་ཕྲག་བརྒྱ་ན་ཀུན་སྟོབས་ཞེས་བྱའོ། ། 20.ཀུན་སྟོབས་ཕྲག་བརྒྱ་ན་རྣམ་པར་བརྡ་ཤེས་ལྡན་ཞེས་བྱའོ། ། 21.རྣམ་པར་བརྡ་ཤེས་ལྡན་ཕྲག་བརྒྱ་ན་བརྡ་ཤེས་ཀུན་ཞེས་བྱའོ། ། 22.བརྡ་ཤེས་ཀུན་ཕྲག་བརྒྱ་ན་རྣམ་འབྱུང་ཞེས་བྱའོ། ། 23.རྣམ་འབྱུང་ཕྲག་བརྒྱ་ན་དེའི་མཚན་ཉིད་ཅེས་བྱ་སྟེ། ། 24.འདི་ལྟར་དེའི་མཚན་ཉིད་ཅེས་བྱ་བའི་རྩིས་ཀྱིས་ནི་རིའི་རྒྱལ་པོ་རི་རབ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། ། 25.དེའི་ཡང་གོང་ན་རྒྱལ་མཚན་གྱི་རྩེ་མོའི་ནོར་བུ་ཞེས་བྱ་བའི་གྲངས་ཡོད་དོ། གྲངས་དེས་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། ། 26.དེའི་ཡང་གོང་ན་རྒྱལ་མཚན་གྱི་རྩེ་མོ་ངེས་པར་སྒྲོག་པ་ཞེས་བྱ་བའི་གྲངས་ཡོད་དོ། ། 27.དེའི་ཡང་གོང་ན་དེད་འདྲེན་གདགས་པ་ཞེས་བྱ་བའི་གྲངས་ཡོད་དོ། ། 28.དེའི་ཡང་གོང་ན་གཏན་ལ་འབེབས་པ་ཞེས་བྱ་བའི་གྲངས་ཡོད་དོ། ། 29.དེའི་ཡང་གོང་ན་གཅོད་རྟོགས་ཞེས་བྱ་བའི་གྲངས་ཡོད་དོ། ། 30.དེའི་ཡང་གོང་ན་གཅོད་རྟོགས་ལྡན་ཞེས་བྱ་བའི་ གྲང་ཡོད་དོ། ། 31.དེའི་ཡང་གོང་ན་ཐམས་ཅད་རྣམ་པར་འབྱེད་པ་ཞེས་བྱ་བའི་གྲངས་ཡོད་དེ། 32.གྲངས་དེས་ནི་གངྒཱའི་ཀླུང་བཅུའི་བྱེ་མ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། ། 33.དེའི་ཡང་གོང་ན་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་སོང་བ་ཞེས་བྱ་བའི་གྲངས་ཡོད་དོ། ། 34.གྲངས་དེས་ནི་གངྒཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་དང་མཉམ་པ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། ། 35.དེའི་ཡང་གོང་ན་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་སོང་བ་ཞེས་བྱ་བའི་གྲངས་ཡོད་དོ། ། 36.གྲངས་དེ་ལ་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གནས་པའི་བྱང་ཆུབ་སེམས་དཔའ་དང་། ཆོས་ཐམས་ཅད་ལ་དབང་བསྐུར་བ་མངོན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པར་སེམས་ཅན་གྱི་རིས་ན་གྲངས་དེ་ཤེས་པ་ནི་ང་དང་། གཞན་ཡང་ང་དང་འདྲ་བ་སྲིད་པ་ཐ་མ་པར་གྱུར་པ་ཁྱིམ་གྱི་གནས་ནས་མངོན་པར་མ་བྱུང་བའི་བྱང་ཆུབ་སེམས་དཔའ་མ་གཏོགས་པར་གང་ཡང་མེད་དོ། ། ཞེས་གསུངས་སོ། །

Tibetan Source 《 མདོ་ཁ་པ་》ཤ་122བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number