11261

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་སྨོན་ལམ་ཚིགས་སུ་བཅད་པ་བཞི་བཅུ།
Tibetan Alternate
Tibetan Definition དེ་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་སྨོན་ལམ་ཚིགས་སུ་བཅད་པ་ལས་བྱུང་བ་སྟེ།

1.ཁྱིམ་ལ་འཇུག་པའི་སྨོན་ལམ་ནི། སྲིད་པའི་གྲོང་ཁྱེར་སྡུག་བསྔལ་མཛོད་གང་བའི། ། གནས་ལ་སྐྱོ་བར་གྱུར་དེ་དེའི་སེམས་ཅན། ། ཞི་བའི་ལམ་དུ་བྲོས་པའི་དབུགས་འབྱིན་ནི། ། ཐར་པའི་གྲོང་བཟང་གཅིག་ཏུ་གནས་གྱུར་ཅིག ། 2.ཉལ་བའི་སྐབས་ཀྱི་སྨོན་ལམ་ནི། ཚོགས་བརྒྱད་སེམས་ཀྱི་སྤྲིན་ཕུང་ཆོས་སྐུའི་ཀློང་། ། ཐིམ་ནས་གཉིས་འཛིན་དབང་པོའི་འཆིང་གྲོལ་བའི། ། ཟུང་འཇུག་དབྱིངས་ཀྱི་མལ་ནས་མི་གཡོ་བར། ། དག་པའི་དབྱིངས་ལ་འགྲོ་འདི་གཟིམ་གྱུར་ཅིག ། 3.རྨི་ལམ་གྱི་སྨོན་ལམ་ནི། སྲིད་འདིར་བདེན་ཞེན་འཛིན་པ་མི་དམིགས་པར། ། སྣང་སེམས་དངོས་པོ་དུཿ ཁ་ལྟ་ཅི་ཞིག ། ཡང་དག་ཡེ་ཤེས་སྒྱུ་མའི་བཀོད་པ་ཡང་། ། སྣང་སྟོང་རྨི་ལམ་ལྟ་བུར་ཤེས་གྱུར་ཅིག ། 4.གཉིད་སད་པའི་སྐབས་ཀྱི་སྨོན་ལམ་ནི། ཡེ་ཤེས་སྣང་བས་མ་བཟུང་སྲིད་པའི་མུན། ། མཁྱེན་གཉིས་ཉི་མས་གསལ་བས་དེ་མ་ཐག ། ཐེག་གསུམ་ངེས་པར་འབྱུང་བའི་ལྷའི་རྔ་སྒྲས། ། འགྲོ་འདི་མརིག་གཉིད་ལས་སད་སློང་གྱུར་ཅིག ། 5.ལྡང་བའི་སྐབས་ཀྱི་སྨོན་ལམ་ནི། ཞི་བའི་དབྱིངས་སུ་མི་མནལ་དེའི་སྙིང་རྗེ། ། སྲིད་པའི་ཁམས་འདི་སྟོང་བར་བགྱིད་སླད་དུ། ། ཟུང་འཇུག་ཐབས་ཤེས་རྐང་པས་འདེགས་བཞིན་པར། ། མཐའ་གཉིས་སྟན་ལས་ངེས་པར་ལྡང་འགྱུར་ཅིག ། 6.གོས་གྱོན་པའི་སྐབས་ཀྱི་སྨོན་ལམ་ནི། སྡོམ་གསུམ་བདུད་རྩི་བཏུང་བའི་ལམ་པའམ། ། ལམ་མིན་གཡང་ལ་འཕྱན་པ་རྒྱུད་ལྔའི་འགྲོ། ། སྨད་འོས་སྡིག་ལྷུག་ལམ་ལ་ངོ་ཚ་བའི། ། ཁྲེལ་ཡོད་གོས་ཀྱིས་དཀྲིས་པ་ཉིད་གྱུར་ཅིག། 7.སྐ་རག་བཅིང་བའི་སྐབས་ཀྱི་སྨོན་ལམ་ནི། མི་འབྲལ་སྨོན་པའི་མདུད་པ་ལྷོད་མིན་པར། ། ཡང་དག་འཇུག་པ་དམ་པའི་སྐུ་རག་ནི། ། སྲིད་པའི་ལམ་གྱིས་འཆིང་པ་དེ་མིན་པའི། ། ཕུན་ཚོགས་དགེ་བའི་གནས་ལ་འབྲེལ་གྱུར་ཅིག ། 8.འདུག་པའི་སྐབས་ཀྱི་སྨོན་ལམ་ནི། གཉིས་འཛིན་རྐང་པས་མི་འདེགས་ཡེ་ཤེས་ལུས། ། བགྲང་ཡས་ཏིང་འཛིན་སྐྱིལ་ཀྲུང་གིས་བརྟེན་པ། ། ཞི་བའི་གནས་ལ་མི་འགྱུར་རྡོ་རྗེའི་སྟན། ། དེ་རུ་འགྲོ་བའི་གཡོ་བར་མ་གྱུར་ཅིག 9.སྟན་ལ་སྡོད་པའི་སྐབས་ཀྱི་སྨོན་ལམ་ནི། བཀོད་ལེགས་ལྷ་བརྒྱས་མ་བྱས་དེར་ལེགས་སྨིན། ། སྣ་ཚོགས་རིན་ཆེན་དྲ་བས་མྱུར་དཀྲིས་པས། ། བྱང་ཆུབ་ལྗོན་པའི་ཁོ་ལག་སྲིད་པའི་ཁྱོན། ། ཕྲོག་དེ་ཀུ་ཤའི་ལ་གནས་གྱུར་ཅིག ། 10.མེ་གཏོང་བའི་སྐབས་ཀྱི་སྨོན་ལམ་ནི། སྙིང་རྗེའི་རླན་གྱིས་མ་བཟུང་ཉོན་མོངས་ཤིང་། ། ཡོན་ཏན་འདབ་མ་སྐམ་པའི་ཕུང་པོ་ནི། ། སྒྲིབ་བྲལ་ཡེ་ཤེས་སྣང་བའི་མེས་བཅོམ་ནས། ། ཤེས་ཉོན་སོལ་བའི་ཕུང་པོའང་སྟོང་གྱུར་ཅིག ཅིག་། 11.མེ་འབར་བའི་སྨོན་ལམ་ནི། རྟོག་པའི་བུད་ཤིང་ཟོས་པའི་ཏིང་འཛིན་མེ། ། སྲིད་པའི་རྒྱུད་ལ་ཞུགས་པས་དེ་མ་ཐག ། མཁྱེན་གཉིས་སྣང་བ་གཅིག་པའི་དམར་འོད་ཀྱིས། ། ལུས་ཅན་རྨོངས་པའི་མུན་པ་འཇོམས་གྱུར་ཅིག ། 12.གཡོས་བྱེད་པའི་སྐབས་ཀྱི་སྨོན་ལམ་ནི། ཞི་བའི་རྣམ་གྲོལ་ཡེ་ཤེས་བདུད་རྩིའི་ཟས། ། བརྩེ་ཆེན་གཡོས་སུ་བསྐོལ་བའི་ཕྲིན་ལས་ཆུས། ། ཕྱོགས་ལྷུང་གྲང་བའི་རེག་པར་མི་འཛའ་བའི། ། འགྱུར་མེད་ཐབས་མཁས་རླངས་བ་འཕྱུར་གྱུར་ཅིག 13.བཟའ་བའི་སྐབས་ཀྱི་སྨོན་ལམ་ནི། མངོན་ཤེས་ཡེ་ཤེས་བཅུད་སྟོང་སྲིད་པའི་ལྷོར། ། འཁྲུལ་པའི་བཀྲེས་སྣང་མི་གཏོང་གླལ་བའང་། ། རྩེ་གཅིག་བསམ་གཏན་ཟས་ཀྱིས་ཚིམ་གྱུར་ནས། ། ཡོན་ཏན་ལུས་བཟང་བཀྲག་པ་ཉིད་ཐོབ་ཤོག 14.འགྲོ་བའི་སྐབས་ཀྱི་སྨོན་ལམ་ནི། ཀུན་རྨོངས་མུན་པ་འཐིབ་པའི་ཁོ་ར་ཁོར། ། སྡང་ཞེན་ཚེར་མ་བཀྲམ་པའི་ཕྱོགས་ལྷུང་ཁྱིམ། ། གཉིས་འཛིན་རིས་སུ་བཅད་པའི་རིགས་དྲུག་གི ། གྲོང་ལས་སྲིད་པའི་འགྲོ་འདི་ཐར་གྱུར་ཅིག 15.སྐས་ལས་བབས་པའི་སྐབས་ཀྱི་སྨོན་ལམ་ནི། ཞི་བ་ཆེན་པོ་ཆོས་སྐུའི་བ་གམ་ལས། ། བརྩེ་ཆེན་ཕྲིན་ལས་འཇུག་པ་མི་གཡེལ་བའི། ། ཐབས་མཁས་ཐེམ་པ་བརྩེགས་པའི་རྐང་སྟེགས་ལས། ། བབ་ནས་འགྲོ་དོན་སྲིད་ན་བགྱི་གྱུར་ཅིག 16.སྒོ་འབྱེད་པའི་སྐབས་ཀྱི་སྨོན་ལམ་ནི། སྣ་ཚོགས་ཐེག་བའི་སྒོ་འཕར་བརྒྱ་ཕྲག་ནི། ། ཕྱེ་ནས་ཡང་དག་ཐར་པའི་ཁྱིམ་གཅིག་པུར། ། འཇུག་པའི་ཐབས་ཤེས་སྡུས་འབྱེད་བླ་མེད་སྒོ། ། བྱང་ཆུབ་སེམས་ཀྱིས་འབྱུང་ལས་ཐར་གྱུར་ཅིག 17.སྒོ་གཅོད་པའི་སྐབས་ཀྱི་སྨོན་ལམ་ནི། བཟོས་དཀའ་བསྲེག་གྲང་བཀྲེས་རྨོངས་དུཿ ཁ་བསྒྱུར། ། མི་གཏོང་ངན་འགྲོའི་གྲོང་འཕྱན་དུག་གསུམ་སྒོར། ། ཞུགས་ཤེས་ཡང་དག་སྤང་པའི་སྒོ་གླེགས་ཀྱིས། ། ཉེས་སྤྱོད་མི་དགེའི་བུག་པ་གཅོད་གྱུར་ཅིག ། 18.ལམ་ལ་ཞུགས་པའི་སྐབས་ཀྱི་སྨོན་ལམ་ནི། ཡང་དག་ལྟ་དང་རྟོག་དང་ངག་ལས་མཐའ། ། འཚོ་རྩོལ་ཏིང་འཛིན་དྲན་ཤེས་མ་བརྒལ་པའི། ། འཕགས་པའི་གང་ཟག་བགྲོད་པའི་ལམ་གཅིག་པུར། ། འཁོར་བའི་གྲོང་དུ་ངེས་པར་འཇུག་གྱུར་ཅིག 19.གྱེན་ལ་འགྲོ་བའི་སྐབས་ཀྱི་སྨོན་ལམ་ནི། སྲིད་ན་ངན་འགྲོའི་དུཿ ཁས་གང་མནར་བ། ། གྱེན་དུ་མཐོ་རིས་དམ་པའི་ལམ་སྙེགས་ནས། ། གོང་ནས་གོང་དུ་ཞི་བའི་ལམ་བགྲོད་དེ། ། ཐར་བའི་རི་དབང་རྩེ་ནས་མཐོང་གྱུར་ཅིག 20.ཐུར་དུ་བབས་པའི་སྐབས་ཀྱི་སྨོན་ལམ་ནི། དེ་ན་སྤྱིའུ་ཚུགས་དང་སྦྲེལ་གཞི་ཡི། ། འགྲོ་བའི་ལམ་ངན་དེར་སོང་གང་དང་གང་། ། ཆགས་དང་ཞེ་སྡང་མི་བཟོད་རྨོངས་པའི་རྒྱུ། ། སྤོང་ནས་ཐར་ལམ་འདྲེན་པ་དེར་གྱུར་ཅིག 21.འཕྲད་པའི་སྐབས་ཀྱི་སྨོན་ལམ་ནི། སྒྲིབ་བྲལ་ཡེ་ཤེས་ཀྱིས་མཚོན་མཚན་དཔེའི་སྐུ། ། མཐོང་ན་མི་མཐུན་མེད་པའི་ཁྱད་ཆོས་ཅན། ། ཞི་གྱུར་རྫོགས་པའི་སངས་རྒྱས་དེ་ཁོ་ན། ། རྟག་པར་ལྷར་བཅས་འགྲོ་འདིས་མཇལ་གྱུར་ཅིག 22.རྐང་མགྱོགས་སྐབས་ཀྱི་སྨོན་ལམ་ནི། སྲིད་པའི་རྒྱུ་མཚོར་སྲིད་པའི་ཆུ་སྲིན་ཅན། ། རྨོངས་པའི་འདམ་ན་སྡུག་བསྔལ་རླབས་གཡོ་དུས། ། འགྲོ་འདི་སྒྲོལ་ལ་མཐུན་པར་རྐང་མགྱོགས་ཞིང་། ། གཞན་དོན་བརྩོན་པ་ནམ་ཡང་ཉམས་མ་གྱུར། ། 23.རྐང་པ་འདེགས་སྐབས་ཀྱི་སྨོན་ལམ་ནི། ཐབས་མཁས་རྐང་པ་ཤེས་རབ་མཐུས་འདེགས་པས། ། སྨོན་པའི་ལམ་དུ་སྟོབས་ཀྱིས་དབང་བྱས་ཏེ། ། དག་པའི་ཡེ་ཤེས་རྙོགས་པ་མི་མངའ་བའི། ། འགྲོ་ཀུན་འཁོར་བའི་འདམ་ནས་འདོན་གྱུར་ཅིག 24.རྒྱན་དང་ལྡན་པའི་སྐབས་ཀྱི་སྨོན་ལམ་ནི། གྲངས་མེད་ལས་བྱས་གྲངས་མེད་བསྐལ་གོམས་པའི། ། ཟོང་འདི་བཀྲམ་ནས་ལྷ་དབང་མཛོད་བདལ་ནས། ། སུས་ཀྱང་བཙོང་མིན་མཚན་དཔེའི་མཆོག་གི་རྒྱན། ། སྲིད་པའི་འགྲོ་འདིས་རང་དབང་བགྱིད་གྱུར་ཅིག 25.རྒྱན་མེད་པའི་སྐབས་ཀྱི་སྨོན་ལམ་ནི། འཕྱོར་ཕྱིར་མ་ཡིན་ངོ་ཚ་ཤེས་པའི་གོས། ། རྒྱལ་བས་གནང་བའི་ཆོག་ཤེས་ཕྱགས་དར་ཁྲོད། ། སྦྱངས་པའི་ཡོན་ཏན་དམ་པའི་ལམ་གནས་པ། ། རྒྱུགས་པས་བརྒྱལ་བའི་རྒྱན་དང་བྲལ་གྱུར་ཅིག 26.གང་བའི་སྐབས་ཀྱི་སྨོན་ལམ་ནི། ལས་དང་ཉོན་མོངས་བགྲང་ཡས་སྲིད་པའི་རྒྱུད། ། སྟོབས་དང་མི་འཇིགས་མ་འདྲེས་མཚན་དཔེ་བྱད། ། འབྲས་བུ་ཡོན་ཏན་ཕ་མཐར་མི་དཔོགས་པས། ། གང་བ་ཁོ་ན་ཀུན་གྱི་རྒྱུད་བགྱིད་ཤོག 27.སྟོང་པའི་སྐབས་ཀྱི་སྨོན་ལམ་ནི། ལས་དང་ཉོན་མོངས་བགྲང་ཡས་སྲིད་པའི་རྒྱུར། ། འགྱུར་དང་འདུ་བྱེད་མི་ཟིད་སྣོན་འགྱུར་བའི། ། འཁོར་བའི་སྐྱོན་ཉིད་ངེས་པར་ཟདད་བྱེད་ཅིང་། ། འགྲོ་བའི་སེམས་སྣོད་སྟོང་སྟེ་གང་མ་གྱུར། ། 28.དགའ་བའི་སྐབས་ཀྱི་སྨོན་ལམ་ནི། ཐུབ་པའི་ལམ་ཉིད་ཐར་པའི་མཆོག་སྦྱིན་པའི། ། ཐེག་པ་གཅིག་ཏུ་ཐོགས་པ་མེད་བགྲོད་པ། ། ཐུགས་རྗེ་མངའ་བ་རྒྱལ་དང་རྒྱལ་སྲས་ཀྱི། ། ཐབས་ཤེས་ཆོས་ལ་ཝན་ཀྱང་དགའ་གྱུར་ཅིག 29.མི་དགའ་བའི་སྐབས་ཀྱི་སྨོན་ལམ་ནི། འདུས་བྱས་ཁམས་འདི་འཇིག་པར་འགྱུར་བ་སྟེ། ། བྱས་དང་མི་རྟག་དངོས་པོ་རུ་གཅིག་པས། ། བསླུ་བའི་སྒྱུ་འདིའི་རང་མཚང་གཏིང་མཐོང་ནས། ། བྱིས་པའི་ལམ་ལ་དགའ་བར་མ་གྱུར་ཅིག 30.བདེ་བའི་སྐབས་ཀྱི་སྨོན་ལམ་ནི། བདེ་བའི་ལམ་ལས་བདེ་བར་འགྲོ་རྒྱུར་པ། ། བདེ་འགྲོ་ཙམ་མིན་བདེ་མཆོག་རྒྱལ་སྲས་ཏེ། ། སྲིད་བདེ་ཙམ་མིན་བདེ་ལྡན་ཞིང་བཞིན་དུ། ། བདེ་གཤེགས་ལམ་ལས་བདེ་ཆེན་ཐོབ་གྱུར་ཅིག 31.སྡུག་བསྔལ་བའི་སྐབས་ཀྱི་སྨོན་ལམ་ནི། སྡུག་གུར་ཞེན་ལས་སྡུག་བསྔལ་མཚོར་ལྷུང་ཞིང་། ། སྡང་བར་བལྟས་ལས་དགྲ་དང་འཕྲད་གྱུར་ལ། ། འདོད་པ་མི་འགྲུབ་མི་འདོད་དེར་འདུ་བས། ། སྡུག་བསྔལ་སྡོང་པོའི་རྩ་བ་གཅོད་གྱུར་ཅིག 32.ནད་པའི་སྐབས་ཀྱི་སྨོན་ལམ་ནི། དུག་ལྔའི་དུག་དེས་འདུ་བ་བསྐྱེད་དཀྲུགས་པས། ། སྒྲིབ་པའི་ལུས་ལ་གནོད་པའི་ནད་ཞུགས་པ། ། ཡེ་ཤེས་སྨན་གྱིས་འཁོར་བའི་དུག་བཅོམ་ནས། ། ནད་མེད་ཉི་མ་སངས་རྒྱས་དེ་མཐོང་ཤོག 33.དྲིན་གཟོ་བའི་སྐབས་ཀྱི་སྨོན་ལམ་ནི། ་རྒྱལ་བས་རྒྱལ་བའི་ལམ་བསྟན་དེའི་སྲས་བོ། ། ལམ་དེ་ལེགས་པར་ལེན་ནས་གཞན་དོན་དུ། ། དཀའ་བས་དཀོན་སར་ཕྱིན་ནས་དཀར་པོའི་ཆོས། ། བསྟན་པ་བསྟན་པའི་དྲིན་གཟོ་དྲན་གྱུར་ཅིག 34.དྲིན་མི་གཟོ་བའི་སྐབས་ཀྱི་སྨོན་ལམ་ནི། དོན་དམ་སྟོང་སྟེ་སྣང་བའི་རྒྱུ་འབྲས་ལས། ། འདའ་བར་མི་འགྱུར་ཐུབ་དེའི་མཁྱེན་པ་སྟེ། ། གཞན་དུ་སྟོན་གཞན་ལོག་པའི་ལམ་ཡིན་པར། ། ཤེས་ནས་སུ་ཡང་དྲིན་གཟོར་མ་གྱུར་ཅིག 35.རྒོལ་བའི་སྐབས་ཀྱི་སྨོན་ལམ་ནི། ལོག་པའི་ལམ་ནི་ལེགས་པ་ལ་སྡོང་སྟེ། ། ལུགས་གཉིས་མཐུན་པར་རྒོལ་བའི་ལོངས་སྤྱོད་ལ། ། རྒྱལ་བའི་བ་དན་རྒྱལ་བ་ཐུབ་པའི་རྗེས། ། ངེས་པར་བསྒྲེང་ནས་ཆོས་སྒྲ་སྒྲོགས་གྱུར་ཅིག 36.བསྟོད་པའི་སྐབས་ཀྱི་སྨོན་ལམ་ནི། ཡོན་ཏན་མཆོག་གིས་ངེས་པར་གང་ཆེན་མཚོ། ། ཐུབ་དང་དེ་སྲས་ཡོན་ཏན་རྒྱ་མཚོ་སྟེ། ། ཡོན་ཏན་མཐོང་ནས་སྲིད་པའི་འགྲོ་ཀུན་ཀྱང་། ། ཡོན་ཏན་བསྔགས་པ་ངེས་པར་སྒྲོགས་གྱུར་ཅིག 37.ཆོས་གཏམ་སྐབས་ཀྱི་སྨོན་ལམ་ནི། བགྲང་ཡས་བསྐལ་པར་ཆོས་ཀྱི་ཚུལ་གཅིག་ལས། ། ངེས་པར་བརྩམ་སྟེ་མངོན་པར་འཆད་གྱུར་ཀྱང་། ། ཟད་པར་མི་འགྱུར་ཡང་དག་རིག་པ་བཞིའི། ། སྤོབས་པའི་མཛོད་བཟང་རྒྱལ་དང་མཉམ་གྱུར་ཅིག 38.སྐུ་གཟུགས་མཇལ་བའི་སྐབས་ཀྱི་སྨོན་ལམ་ནི། སྲིད་པའི་ལུས་ཅན་སྒྲིབ་པའི་ལིང་ཏོག་ལ། ། ཡེ་ཤེས་མཐོང་བ་དག་པའི་སྨན་བཙལ་ནས། ། ལྷར་བཅས་དྲེགས་ལྡན་སྤྱི་བོའི་ལ་ཐོད་ཆེས། ། གང་ལ་བཏུད་ཀྱང་སྙེམས་པར་འགྱིང་མིན་ཏེ། ། སྲིད་པའི་བསོད་ནམས་ཟོང་ལ་དེས་བསྐྱེད་པའི། ། འགྲོ་བའི་མཆོད་རྟེན་རྒྱལ་བ་དེར་གྱུར་ཅིག 39.ཚོང་གི་སྐབས་ཀྱི་སྨོན་ལམ་ནི། ལེགས་སྨོན་ཟོང་གིས་རྙེད་གྱུར་འཕགས་པའི་ནོར། ། མཐའ་ཡས་མི་ཟད་དད་གཏོང་ཚུལ་ཁྲིམས་དང་། ། ཐོས་དང་ཁྲེལ་ཡོད་ངོ་ཚ་ཤེས་ལྡན་ཞིང་། ། ཤེས་རབ་ཕུན་ཚོགས་ཀུན་ལ་འབྱོར་གྱུར་ཅིག 40.ཕྱག་འཚལ་བའི་སྐབས་ཀྱི་སྨོན་ལམ་ནི། རྫུ་འཕྲུལ་ལུས་དང་གནས་ཀྱིས་མངོན་མཐོ་བའི། ། དྲེགས་པས་ལྟ་བས་ལྟ་ཅི་དེའི་སྤྱི་གཙུག ། མཐོང་བས་ས་བཅུའི་དབང་ཕྱུག་ཀྱང་མིན་པའི། རྒྱལ་བའི་མཚན་བཟང་དེ་འདྲས་ཀུན་མཛེས་ཤོག

Tibetan Source 《དཔལ་སྤྲུལ་གསུང་འབུམ་ཆ་པ་》ཤ་1ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number