11409

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མདོ་ཁམས་སྨད་དུ་དར་བའི་དགེ་ལྡན་པའི་དགོན་སྡེ་དགུ་བཅུ་གོ་གཅིག
Tibetan Alternate
Tibetan Definition 1.ཤར་དར་རྩེ་མདོ་ཁུལ་བརྟན་ལོ་དགོན་གསར་ནི། འབྲས་སྤུངས་བློ་གསལ་གླིང་གི་གྲྭ་རྒྱུན་མི་ཉག་པ་བསྟན་འཕེལ་ཉི་མས་བཏབ། གྲྭ་གྲངས་བརྒྱད་ཅུ་སྐོར།

2.འགི་བ་ཁ་བྱམས་པ་གླིང་དགོན་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དངོས་སློབ་བླ་མ་སྒང་རིང་གིས་བཏབ། གྲྭ་གྲངས་སུམ་བརྒྱ་སུམ་ཅུ་སྐོར། 3.འགི་བ་ཁའི་དགོན་ལག་འདྲ་ཡུལ་མཁར་ཐོག་ནི། འདེབས་པ་པོ་གོང་དང་མཚུངས། གྲྭ་གྲངས་ཉི་ཤུ་སྐོར། 4.འགི་བ་ཁའི་དགོན་ལག་གནས་སྒོ་དང་། སྟོང་སྐུ། ཕྱུགས་མོ་བཅས་ཁག་སྒུམ་གྱི་འདེབས་མི་ངེས་ཁུངས་མ་བྱུང་། གྲྭ་གྲངས་བརྒྱ་དང་སུམ་ཅུ་སྐོར། 5.མགོ་ར་དགའ་ལྡན་ཕར་ཕྱིན་གླིང་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ལུང་བསྟན་པ་བཞིན་འཇའ་ཁུ་བ་ཆོས་རྒྱལ་མཚན་གྱིས་བཏབ། གྲྭ་གྲངས་སུམ་ཅུ་སྐོར། 6.སྤེའུ་རོང་དགོན་ནི། དཔལ་ལྡན་སེང་གེས་བཏབ། གྲྭ་གྲངས་བརྒྱད་ཅུ་སྐོར། 7.སྤོ་འབོར་གྱི་སའི་ཆ་ལི་ཐང་དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་ནི། ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བཏབ། གྲྭ་གྲངས་ལྔ་བརྒྱ་སྐོར། 8.སྤོ་འབོར་འགི་ཏི་སྒང་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་སངས་རྒྱས་དཔལ་བཟང་གིས་བཏབ། གྲྭ་གྲངས་བཞི་བཅུ་སྐོར། 9.བྱང་བར་ལ་སྟོད་དགོན་ནི། ཀརྨ་པཀྵིས་བཏབ། གྲྭ་གྲངས་སུམ་ཅུ་སྐོར། 10.ལྔ་བྱ་མོ་དགོན་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལི་ཐང་ཕྱོགས་སུ་ཕེབས་སྐབས་ས་སྐྱ་པའི་དགོན་ཆུང་ཞིག་ནས་གྲྭ་པ་རེ་གཉིས་ཀྱིས་བསྙེན་རྫོགས་ཞུས་པ་དེས་སོན་ལྟ་བུ་བྱས། རྗེས་སོར་གཙང་གངས་ཅན་པ་དགེ་འདུན་ལེགས་གྲུབ་ཀྱིས་གསར་འཛུགས་མཛད། གྲྭ་གྲངས་སུམ་ཅུ་སྐོར། 11.སྐྱིད་འཇོ་བཤད་སྒྲུབ་དར་རྒྱས་བདེ་ཆེན་གླིང་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་གཙང་པ་སངས་རྒྱས་དཔལ་བཟང་གིས་བཏབ། གྲྭ་གྲངས་ཉིས་བརྒྱ་དང་བརྒྱད་ཅུ་སྐོར། 12.མོ་ལ་ཝ་དགོན་ནི། སྔ་སོར་ངོར་ལུགས། གྲྭ་གྲངས་བཞི་བཅུ་སྐོར། 13.བྱེས་པ་བདེ་ཆེན་དགོན་ནི། ཐོག་མར་ནམ་སོ་གསུམ་དགའ་ཞེས་པས་བཏབ། གྲྭ་གྲངས་བཞི་བཅུ་སྐོར། 14.ལྡབ་ཡང་སྟེང་དགོན་ནི། དང་པོ་ཀར་ལུགས། སླར་རྗེ་བཙུན་འཇམ་དཔལ་སྙིང་པོའི་ཞལ་སློབ་བློ་གྲོས་རྣམ་རྒྱལ་གྱིས་དར་རྒྱས་སུ་མཛད་ཅིང་ཆོས་ལུགས་བསྒྱུར། གྲྭ་གྲངས་བརྒྱ་དང་ལྔ་བཅུ་སྐོར། ། 15.ཤོག་དྲུག་ཕན་བདེ་ནི། གྲགས་པ་རྒྱ་མཚོས་བཏབ། རི་ཁྲོད་པ་བཞི་ལྔ་སྐོར། 16.དུས་ཡོན་དགོན་ནི། སངས་རྒྱས་རྒྱལ་མཚན་པས་བཏབ། གྲྭ་གྲངས་བཅུ་སྐོར། 17.མགོ་ལོག་དགོན་གསར་ནི། རི་པ་ས་རམ་པ་ཞེས་པས་བཏབ། དགེ་འདུན་བཞི་བཅུ་སྐོར། 18.ཆ་འཕྲིན་བསམ་འཕེལ་གླིང་ནི། ཀར་ལུགས་རྒྱ་ཇ་བའི་དགོན་རོ་ཞིག་ལ་དཔོན་མཁའ་འགྲོས་ཉམས་གསོས་ངོས། བློ་མར་ལྡབ་པ་བློ་བཟང་བསྟན་འཛིན་བསྐོས། དགེ་འདུན་བརྒྱ་དང་ལྔ་བཅུ་སྐོར། 19.དགའ་ལྡན་དགོན་གསར་ནི། སྔར་ཀར་ལུགས། ཕྱིས་རྗེ་བླ་མའི་ཆོས་སྲིད་ཀྱིས་ནས་ས་སྐྱོང་འཕྲིན་ལས་རྒྱ་མཚོའི་དུས་དཔོན་མཁའ་འགྲོས་ཉམས་གསོ་བྱས་ཆོས་ལུགས་བསྒྱུར། དགེ་འདུན་བརྒྱ་དང་བཅུ་སྐོར། 20.གཞག་མ་ཐང་དགོན་ནི། བླ་མ་བཟང་པོ་དཔལ་བས་བཏབ། དགེ་འདུན་དྲུག་ཅུ་སྐོར། 21.རྒྱ་མཚམས་ལྷ་ཁང་སྟེང་དགའ་ལྡན་དར་རྒྱས་གླིང་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཞལ་སློབ་ཆོས་རྗེ་སངས་རྒྱས་རྒྱ་མཚོས་བཏབ། དགེ་འདུན་བདུན་བརྒྱ་དང་བཞི་བཅུ་སྐོར། 22.རྩེ་སྒང་ཁེ་འོང་བདེ་བ་ཅན་ནི། གླ་ཁམས་པ་ཚུལ་ཁྲིམས་བཟང་པོས་བཏབ། དགེ་འདུན་ལྔ་བརྒྱ་དང་བརྒྱད་ཅུ་སྐོར། 23.སྨྲ་ལི་དགའ་ལྡན་བཤད་སྒྲུབ་གླིང་ནི། སྦག་ཏི་རབ་འབྱམས་པ་བསམ་གཏན་བཟང་པོས་མེ་ཕོ་སྤྲེའུ་ལོ་ལ་བཏབ། དགེ་འདུན་ལྔ་བརྒྱ་དང་དྲུག་ཅུ་སྐོར། 24.རི་ལྗོངས་དགོན་ནི། སྦག་ཏི་རབ་འབྱམས་པ་བསམ་གཏན་བཟང་པོས་མེ་མོ་སྦྲུལ་གྱི་ལོར་བཏབ། དགེ་འདུན་ལྔ་བཅུ་སྐོར། ། 25.ལྷ་ཁང་སྟེང་གི་དགོན་ལག་འདེབས་མི་འདི་ཡིན་མེད། 26.ལ་ཡག་དགའ་ལྡན་རབ་བརྟན་གླིང་གྲྭ་པ་སུམ་བརྒྱ་བདུན་ཅུ་སྐོར། 27.ཝ་ཐོག་དགའ་ལྡན་རྣམ་རྒྱལ་གླིང་གྲྭ་པ་བརྒྱ་དང་ལྔ་བཅུ། 28.གཞི་མལ་དགོན་གྲྭ་གྲངས་བཞི་བཅུ། 29.ཀོང་རབ་རྒྱས་དགོན་གྲྭ་གྲངས་བརྒྱད་ཅུ། 30.དགའ་ལྡན་བཀྲ་ཤིས་ཆོས་གླིང་གྲྭ་གྲངས་བརྒྱ་དང་བཞི་བཅུ། 31.གཟུས་དགོན་གསར་ལ་གྲྭ་གྲངས་ལྔ་བརྒྱ་དང་དྲུག་ཅུ། 32.ཚ་ཐོག་ཆ་མན་དུ་གྲྭ་གྲངས་སུམ་ཅུ། 33.འབའ་ཁུལ་རྩེ་གསུམ་རྒྱ་ཤོག་རྐ་ཕུ་དགོན་ནི། གོ་བོ་དཔོན་པོ་བཀྲ་ཤིས་སེང་གེས་བཏབ། གྲྭ་གྲངས་བཞི་བཅུ་སྐོར། 34.རྩེ་གསུམ་གསེར་འབུམ་དགོན་ནི། ཞལ་སྔ་བཀའ་བརྒྱུད་པ་ཆོས་རྗེ་ངག་གི་དབང་པོས་བཏབ། གྲྭ་གྲངས་བཞི་བཅུ་སྐོར། 35.ལྕོག་སྟེང་ཐང་སྐྱེ་དགོན་ནི། རབ་འབྱམས་སྨྲ་བ་རྩེ་མོ་སྤེལ་བས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 36.གསལ་མཁར་དགོན་ནི། འཇམ་དབྱངས་ཆོས་རྗེའི་ཞལ་སློབ་དཀའ་བཅུ་བསམ་གཏན་རྒྱ་མཚོས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། ། 37.ཁྱུང་ཚང་དགོན་ནི། ཐོག་མར་གཙང་པ་ནང་སོ་སེང་གེས་བཏབ། གྲྭ་གྲངས་བཅུ་སྐོར། 38.ལ་ཐོག་དགོན་ནི། རྒྱུད་སྨད་པ་དགེ་སློང་ཡོན་ཏན་བཟང་པོས་བཏབ། གྲྭ་གྲངས་སུམ་ཅུ་སྐོར། 39.སྤང་སྟེང་དགོན་ནི། བློ་གསལ་གླིང་པ་ཡོན་ཏན་རིན་ཆེན་གྱིས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 40.གོ་བོ་རིན་ཆེན་སྒང་དགོན་ནི། གོ་བོ་དབོན་པོ་རིན་མཆོག་པས་བཏབ་ཀྱང་། ལྗངས་ཞབས་དང་ཁད་ཉེ་བའི་ཚུགས་ཟིན་པ་ཞིག་མ་བྱུང་། ཕྱིས་དཀོན་མཆོག་བཀྲ་ཤིས་ཀྱིས་དགོན་གནས་གསར་དུ་སྤོས་པར་བསམ་གྲུབ་དགོན་གསར་དུ་གྲགས། གྲྭ་གྲངས་ཉིས་བརྒྱ་དང་སུམ་ཅུ་སྐོར། 41.འཚེམ་དགོན་ནི། འཇམ་མགོན་བཙོང་ཁ་པ་ཆེན་པོའི་ཞལ་སློབ་བྱུང་དམར་སྟང་ཚེམས་རིན་པོ་ཆེ་ཞེས་པས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 42.བྲག་སྐྱ་དགོན་ནི། འཇམ་དབྱངས་དགའ་བའི་བློ་ གྲོས་པས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 43.བཀྲ་ཤིས་ཆོས་གླིང་ནི། གཡག་ར་བ་ཁྲོ་བོ་དཀའ་བཅུས་བཏབ། གྲྭ་གྲངས་བཅུ་སྐོར། 44.བྲག་ཀྱོག་དགོན་ནི། ཚེམས་དགོན་བླ་མ་རྒྱལ་མཚན་བཀྲ་ཤིས་པས་བཏབ། གྲྭ་གྲངས་བཅུ་སྐོར། 45.ལོ་བེ་སྟེང་དགོན་ནི། གད་དམར་སྟེང་པ་ནམ་མཁའ་རྒྱ་མཚོས་བཏབ། གྲྭ་གྲངས་བཅུ་སྐོར། 46.འབོམ་བེ་སྟེང་དགོན་ནི། ཆོས་འཇུག་དབོན་པོར་གྲགས་པས་བཏབ། 47.རྫོང་ལྷ་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞལ་སློབ་བཀའ་བཞི་པ་རིན་ཆེན་པས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 48.གཅུང་ལུང་ཀ་མདའ་དགོན་ནི། དང་ཐོག་རི་ཁྲོད་པ་རི་མ་ཆགས་ལས་བླ་མ་སོགས་ཆེར་མེད། ཕྱིས་རྗེ་བླ་མ་མཆོག་གི་བསླབ་སྟོན་ལྟར། བན་ཁྲལ་གསར་བསྡུའི་བླ་མར་བཀྲ་ཤིས་དཔལ་བཟང་བསྐོས་ཏེ་དར་རྒྱས་སུ་གྱུར། གྲྭ་གྲངས་བཞི་བཅུ་སྐོར། 49.བྱང་སྟེང་དགོན་ནི། སྙིང་སྨད་པ་དོན་གྲུབ་བཀྲ་ཤིས་ཀྱིས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 50.གཙུག་ནོར་བུ་དགོན་ནི། སྟོད་མཚམས་སྟེང་པ་དབུ་མ་བར་གྲགས་པས་བཏབ། གྲྭ་གྲངས་སུམ་ཅུ་སྐོར། 51.དབྲ་ནགས་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞལ་སློབ་ཚ་ལས་པ་དཀོན་དར་པས་བཏབ། གྲྭ་གྲངས་བཞི་བཅུ་སྐོར། 52.ཉ་མགོ་དགོན་ནི། སེར་བ་གཞོན་ནུ་ཞེས་པས་བཏབ། གྲྭ་གྲངས་བརྒྱད་ཅུ་སྐོར། 53.སྨར་ཁམས་གོ་བོ་དབོན་པོ་ན་རིམ་གྱིས་ཁ་འཛིན་ལས་འདེབས་མི་སོགས་ཁུངས་ཆེར་མེད་པ་གོ་བོ་དགོན་ཚན་བཅུ་སྟེ། དཔལ་ཆེན་དགོན། ཀིས་ཀུ་ཁུ་བྱུག་དགོན། གསེར་མགོ་དགོན། དགོན་གསར་མགོ། རུས་འབུར་དགོན། མཁན་པ་ལུང་། སྐྱོ་ནི་མུ་ཏི་བ། སླ་ང་དགོན། བ་སེར་དགོན། ནོར་བུ་གླིང་། གསང་དགོན་དང་བཅུ་གཅིག་སོ་སོར་གྲ་པ་ཉི་ཤུ་སྐོར་རེ། ནང་གོ་སེས་དགོན་གསར་དགོན་ནི། དྲུང་རབ་འབྱམས་པར་གྲགས་པས་བཏབ། གྲ་པ་བཞི་བཅུ་སྐོར། 54.ཁྱུང་འབུམ་ཀླུ་ར་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞལ་སློབ་དབུ་རྣམ་བཟོང་ཞེས་པས་སྟོང་མོ་གཏེ་འདམ་ཟེར་བ་བཏབ། གྲྭ་གྲངས་ཉིས་བརྒྱ་སྐོར། 55.འཕར་བ་རིན་ཆེན་སྒང་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བུ་ཆེན་སློབ་དཔོན་དཀའ་བཅུ་ནམ་མཁའ་བཟང་པོས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 56.གཙང་གཤིས་གྲྭ་སྨད་དགོན་ནི། ཞལེ་སྔ་བཀའ་བརྒྱུད་པ་ཆོས་རྗེ་ངག་དབང་དཔལ་མཆོག་གིས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 57.གཙང་གཤིས་འབམ་དགོན་ནི། ཞལ་སྔ་འཕགས་པ་སངས་རྒྱས་ཀྱིས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 58.ཀླུ་མཆོག་དགོན་ནི། འཕགས་པ་ལྷོ་གོང་མ་འཕགས་པ་སངས་རྒྱས་ཀྱིས་བཏབ། གྲྭ་གྲངས་ཉི་ཤུ་སྐོར། 59.སྟག་ར་བྲག་མགོ་དགོན་ནི། དབུ་ནང་པ་ནོམ་མཁའ་སེང་གེས་བཏབ། གྲྭ་གྲངས་བཅུ་སྐོར། 60.གླ་རོང་མཚན་ཉིད་གྲྭ་ཚང་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞལ་སློབ་རི་འགབ་དཀོན་མཆོག་སེང་གེས་བཏབ། 61.གླ་རོང་སྔགས་གྲྭ་ནི། རྒྱལ་རབ་པ་ཤེས་རབ་རྡོ་རྗེས་རྒྱུད་སྨད་པ་དང་མཐུན་པའི་བསྐྱེད་རྫོགས་ཀྱི་འཆད་ཉན་གྱི་རྒྱུད་གྲྭ་གསར་དུ་བཙུགས། 62.ཉག་རེའམ་བྲག་གཡབ་བཀྲ་ཤིས་ཆོས་རྫོང་དགོན་ནི། རྡུ་སྤྱི་བ་གྲགས་པ་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་བྱ་ལོར་བཏབ། གྲྭ་གྲངས་དགུ་བརྒྱ་སྐོར། 63.བྱམས་མདུན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་དགོན་ནི། སྤྲུལ་སྐུ་ངག་དབང་བསོད་ནམས་ལྷུན་གྲུབ་ཀྱིས་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ལ་བཏབ། གྲྭ་གྲངས་དྲུག་བརྒྱ་སྐོར། དེའི་དགོན་ལག་ཉེར་དགུ་ནི། (1)ཆུ་དབར་དགོན་ལ་གྲྭ་པ་བརྒྱ་དང་དྲུག་ཅུ། (2)དཔལ་རི་དགེ་འདུན་སྟེང་ལ་གྲྭ་པ་བརྒྱད་ཅུ། (3)ལྷུན་གྲུབ་སྟེང་དགོན་ལ་གྲྭ་པ་བརྒྱད་ཅུ། (4)ར་ཡ་ཁ་ཡུལ་དགོན་ལ་གྲྭ་པ་བཞི་བཅུ། (5)ར་གཤིས་སོ་གོང་དགོན་ལ་གྲྭ་པ་བཞི་བཅུ། (6)ལ་གཤིས་ལྷ་ཁང་སྟེང་དགོན་ལ་གྲྭ་པ་བཞི་བཅུ། (7)ལྡུམ་ར་ཤ་ཚང་དགོན་ལ་གྲྭ་པ་བཞི་བཅུ། (8)ཡུལ་གཤིས་ནོར་དགོན་ལ་གྲྭ་པ་ཉེར་ལྔ། (9)ལྡུམ་ར་ཤུག་ཅོག་དགོན་ལ་གྲྭ་པ་ཉེར་ལྔ། (10)སྨད་གཤིས་རིན་སྤུངས་དགོན་ལ་གྲྭ་པ་ཉི་ཤུ། (11)མག་ཡུལ་དཀར་ཐོག་དགོན་ལ་གྲྭ་པ་ཉི་ཤུ། (12)སྨད་གཤིས་བྱམས་གླིང་དགོན་ལ་གྲྭ་པ་ཉི་ཤུ། (13)ཆ་ལམ་མདོ་སྤང་སྟེང་དགོན་ལ་གྲྭ་པ་ཉི་ཤུ། (14)སྨད་གཤིས་བྲག་གཡབ་དགོན་ལ་གྲྭ་པ་བཅོ་ལྔ། (15) བྲག་མགོ་དགོན་ལ་གྲྭ་པ་སུམ་ཅུ། (16)དོ་བ་མགོ་བ་དགོན་ལ་གྲྭ་པ་བཅོ་ལྔ། (17)རང་སྲུབས་གནས་སྡེ་བ་དགོན་ལ་གྲྭ་པ་བཅོ་ལྔ། (18)གཤིས་དགོན་གསར་བ་ལ་གྲྭ་པ་བཅོ་ལྔ། (19)འབོར་ཁ་དགོན་ལ་གྲྭ་པ་བཅོ་ལྔ། (20)དུང་སྦུག་པར་གྲྭ་པ་བཅོ་ལྔ། (21)ཡོར་རྫི་དགོན་ལ་གྲྭ་པ་བཅོ་ལྔ། (22)མདའ་ཆེམ་དགོན་ལ་གྲྭ་པ་བཅོ་ལྔ། (23)ར་སྐོར་ཐོང་ཐོག་དགོན་ལ་གྲྭ་པ་བཅོ་ལྔ། (24)ས་མ་ཁར་ཀོང་བར་གྲྭ་པ་བཅོ་ལྔ། (25)ལྡུམ་ར་དཔལ་བ་དགོན་ལ་གྲྭ་པ་བཅོ་ལྔ། (26) སྐྱོ་བ་གྲགས་པ་དགོན་ལ་གྲྭ་པ་བཅོ་ལྔ། (27)གསུལ་ཕུ་དགོན་ལ་གྲྭ་པ་བཅུ། (28)རྫ་ཤོར་བ་དགོན་ལ་གྲྭ་པ་བཅུ། (29)རྔད་ས་དཀར་འགོ་དགོན་ལ་གྲྭ་པ་བཅུ་སྐོར་རྣམས་བཅས་སོ། ། 64.ཚ་བ་མཛོ་སྒང་གསང་སྔགས་གླིང་ནི། འཕགས་པ་ལྷས་བོན་དགོན་འགའོ་ཞིག་ཆོས་ལུགས་བསྒྱུར་ནས་འཛུགས་པར་མཛད། གྲྭ་གྲངས་སུམ་བརྒྱ་སྐོར། 65.སྤོམ་མདའ་གིསང་སྔགས་བདེ་ཆེན་ནི། འཕགས་པ་མཐོང་བ་དོན་ལྡན་གྱིས་བཏབ། གངས་དཀར་བདེ་ཆེན་ཞེས་འདོགས་པར་མཛད། གྲྭ་པ་བརྒྱ་དང་བརྒྱད་ཅུ་སྐོར། 66.ཚ་བ་ཐེམ་ཐོག་དགོན་ནི། འབྲས་སྤུངས་བློ་གསལ་གླིང་པ་དགེ་འདུན་བསྟན་འཕེལ་ཅན་བཞི་ལ་ཐམས་ཅད་མཁྱེན་པ་ཆེན་པོ་དགེ་འདུན་རྒྱ་མཚོས་ལུང་བསྟན་པ་ལྟར་བར་ཁམས་སུ་འོངས་ཏེ་རི་ཁྲོད་དུ་གཏོར་མ་བཏང་བའི་ཞལ་ཟས་ཕོ་རོག་གིས་འཁྱེར་བ་རྡོ་ཐེམ་ཞིག་གི་ཁར་སྟེམ་མེ་བཞག་པར་ཡ་མཚན་ཞིང་། དགོན་པའི་ས་དམིགས་སུ་གོ་ནས་མིང་ཡང་སྟེམ་ཐོག་ཏུ་བཏགས། གྲྭ་པ་བརྒྱ་དང་བཞི་བཅུ་སྐོར། 67.སྤྲུག་ཆང་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞལ་སློབ་ཀ་ཀོ་རེ་ཤཱཀྱ་བརྩོན་འགྲུས་ཀྱིས་བཏབ། གྲྭ་པ་སུམ་ཅུ་སྐོར། 68.གྲུབ་པ་དགོན་ནི། རྗེ་བཙུན་འཇམ་དཔལ་སྙིང་པོའི་བུ་ཆེན་བུལ་ཏོག་རྒྱུ་ལམ་པ་རྒྱལ་མཚན་འོད་ཟེར་གྱིས་བཏབ། གྲྭ་པ་བརྒྱ་དང་ལྔ་བཅུ་སྐོར། 69.དབང་མཁར་དགོན་ནི། གྲུབ་པ་དགོན་གྱི་དགོན་ལག་ཡིན་ཀྱང་འདེབས་མི་འདི་ཡིན་མ་བྱུང་། གྲྭ་པ་མ་ཁོངས་སུ་འཐུས། 70.ལྷུན་གྲུབ་དགོན་ནི། ལུང་བཟང་པ་སྔགས་རམས་པ་ཤེས་རབ་བཟང་པོས་བཏབ། གྲྭ་པ་བརྒྱ་དང་ཉི་ཤུ་སྐོར། 71.ལྷུན་གྲུབ་པའི་དགོན་ལག་ཤུ་དག་དགོན་ནི། དགེ་འདུན་མ་ཁོངས་སུ་འཐུས། 72.བྱང་དམར་བཀྲ་ཤིས་ཐང་དགོན་ནི། གོ་བོ་དགེ་འདུན་བཀྲ་ཤིས་ཀྱིས་བཏབ། གྲྭ་པ་བདུན་ཅུ་སྐོར། 73.ལ་སྒང་དགོན་ནི། ལྗངས་ས་ཐམ་པས་སྦྱིན་བདག་བྱས་འཕགས་པ་ལྷ་གོང་མས་བཏབ། གྲྭ་པ་སུམ་ཅུ་སྐོར། ། 75.འགའ་ལ་ཆོས་འཁོར་གླིང་དགོན་ནི། གོ་བོ་དབང་ཕྱུག་རྒྱ་མཚོས་བཏབ། གྲྭ་པ་ཉི་ཤུ་སྐོར། 76.བུ་ལ་ཐོག་དགོན་ནི། བླ་མ་རྒྱལ་མཚན་འོད་ཟེར་གྱིས་བཏབ། གྲྭ་པ་བརྒྱད་ཅུ་སྐོར། 77.སྤ་ར་བྱང་དགོན་ནི། གོ་བོ་བཟོད་པ་འོད་ཟེར་གྱིས་བཏབ། དགེ་འདུན་བཞི་བཅུ་སྐོར། 78.བར་ཁམས་ལྷོ་རྒྱུད་ཀྱི་མཐའ་མོན་རྫགས་ཡུལ་ གྱི་ལུང་པའི་མགོ་བོ་ཡིན་པས་མགོ་ཡུལ་དུ་གྲགས་པར་སྔར་དགེ་དགོན་ཁག་བཞི་ཡོད་པ་གཙང་པ་སངས་རྒྱས་དཔལ་འབྱོར་གྱིས་ཕྱོགས་གཅིག་ཏུ་བསྡོམས་ཏེ་མཐིལ་པ་དགོན་ཞེས་པ་བཏབ། དགེ་འདུན་བརྒྱད་ཅུ་སྐོར། 79.ཤུག་སྟེང་བཤད་སྒྲུབ་བྱམས་པ་གླིང་དགོན་ནི། མངའ་རིས་པ་བསྟན་པ་བཟང་པོས་བཏབ། དགེ་འདུན་བརྒྱད་ཅུ་སྐོར། 80.འར་འུར་ལྟག་དགོན་ནི། འཇམ་མགོན་བླ་མའི་དངོས་སློབ་ཚ་སྦུག་སློབ་དཔོན་དབོན་པོས་བཏབ། དགེ་འདུན་བཞི་བཅུ་སྐོར། 81.ར་འབུར་དགོན་ནི། འར་འུར་ལྟག་གི་དགོན་ལག་ཡིན་པས་གྲྭ་རྒྱུན་སོགས་གང་ཅི་གོང་དང་འདྲ། 82.སྡེམ་གཤིས་བུ་རྟ་འཛོམ་དགོན་ནི། རིན་ཆེན་སེང་གེ་བྱ་བས་བཏབ། དགེ་འདུན་སུམ་ཅུ་སྐོར། 83.རྒྱལ་མོ་རྫོང་དགོན་ནི། སྔར་ཀར་ལུགས། ཕྱིས་དེ་མོ་སྤྲུལ་པའི་སྐུ་ངག་དབང་ནམ་མཁའ་འཇམ་དབྱངས་ཀྱིས་འཇམ་མགོན་བླ་མ་ཆེན་པོའི་རིང་ལུགས་སུ་བསྒྱུར། དགེ་འདུན་བཅུ་སྐོར། 84.བརྗིད་དགོན་ནི། ཉག་རེ་སློབ་དཔོན་ཡང་རྒྱལ་དུ་གྲགས་པས་བཏབ། དགེ་འདུན་བཞི་བཅུ་སྐོར། 85.རུ་རྒྱུད་གཡག་མགོ་དགོན་ནི། ལྷོ་པ་བློ་བཟང་ལེགས་པས་བཏབ། དགེ་འདུན་ཉི་ཤུ་སྐོར། 86.བཞད་དང་ར་དགོན་ནི། རོང་པོ་ཀུན་མཁྱེན་ཆུ་འཕུར་བས་བཏབ། དགེ་འདུན་སུམ་ཅུ་སྐོར། ། 87.ཁྲོད་ཡུལ་ས་མདོ་དགོན་ནི། རིན་ཆེན་བཀྲ་ཤིས་སུ་གྲགས་པས་བཏབ། དགེ་འདུན་སུམ་ཅུ་སྐོར། 88.མགུ་དབུ་ཐོ་དགོན་ནི། རྒྱལ་མཚན་ཡེ་ཤེས་ཅན་གཉིས་ཀྱིས་བཏབ། དགེ་འདུན་སུམ་ཅུ་སྐོར། 89.རབ་ཆེན་གྱུང་ར་དགོན་ནི། ཆུ་རྒྱུད་པ་ཤེས་རབ་བཟང་པོས་བཏབ། དགེ་འདུན་སུམ་ཅུ་སྐོར། 90.རབ་ལོ་དགོན་ནི། ཐོག་མར་ཡུལ་དེའི་བཙན་མཁར་གྱི་ཚུལ་དུ་བཏབ་པ་ཕྱིས་ནམ་མཁའ་བཟང་པོས་དགོན་དུ་བསྒྱུར། དགེ་འདུན་ཉི་ཤུ་སྐོར། 91.ཀླུ་སྟེང་ལོ་མ་དགོན་ནི། བླ་མ་འོད་ཟེར་དུ་གྲོགས་པས་བཏབ། དགེ་འདུན་བཅོ་ལྔ་སྐོར་བཅས་སོ། །

Tibetan Source 《དགའ་ལྡན་ཆོས་འབྱུང་བི་སེར》ཤ་294.18ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number