11476

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རིན་ཆེན་གཏེར་མཛོད་ནང་དུས་རབས་སོ་སོར་རིམ་པར་བྱོན་པའི་གཏེར་སྟོན་མཚན་གསལ་བ་བརྒྱ་དང་དྲུག་ཅུ་རྩ་དགུ
Tibetan Alternate
Tibetan Definition དེ་ཡང་།བཻ་ཌཱུརྱའི་ཕྲེང་བ་ལས་བྱུང་བ་སྟེ།

1.ལོ་ཆེན་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཙམ་ནས་བྱུང་བ་གཏེར་སྟོན་ལྔ། 2.ལྷ་བཙུན་བྱང་ཆུབ་འོད་དང་། ཇོ་བོ་རྗེའི་དུས་ཙམ་ལ་བྱུང་བ་གཏེར་སྟོན་གསུམ། 3.མངའ་བདག་མར་པའི་དུས་ཙམ་ལ་བྱུང་བ་གཏེར་ སྟོན་བཅུ་གཉིས། 4.རབ་བྱུང་དང་པོ་རྗེ་བཙུན་མི་ལ་དང་། རྔོག་ལོ་ཆེན་པོ་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་བཅུ། 5.རབ་བྱུང་གཉིས་པ་ཕག་གྲུ་དང་། དུས་མཁྱེན་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་བཅོ་ལྔ། 6.རབ་བྱུང་གསུམ་པ་རྗེ་བཙུན་གྲགས་རྒྱལ་དང་། ས་པཎ་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་བཅོ་ལྔ། 7.རབ་བྱུང་བཞི་པ་ཆོས་རྒྱལ་འཕགས་པ་དང་དུས་མཉམ་བྱུང་པ་གཏེར་སྟོན་བཅུ་དྲུག 8.རབ་བྱུང་ལྔ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། བུ་དོལ་རྣམ་གཉིས་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་བཅུ་དྲུག 9.རབ་བྱུང་དྲུག་པ་རྒྱལ་དབང་རོལ་པའི་རྡོ་རྗེ་དང་། ངོར་ཆེན་ཀུན་དགའ་བཟང་པོ། འཇམ་མགོན་བློ་བཟང་གྲགས་པ་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་བརྒྱད། 10.རབ་བྱུང་བདུན་པ་རྗེ་མཐོང་བ་དོན་ལྡན་དང་། པཎ་ཆེན་དགེ་འདུན་གྲུབ། འགོས་ལོ་གཞོན་ནུ་དཔལ་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་བཅུ་གཉིས། 11.རབ་བྱུང་བརྒྱད་པ་མི་བསྐྱོད་རྡོ་རྗེ་དང་། འབྲུག་པ་པད་དཀར་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་བཅུ་གཅིག 12.རབ་བྱུང་དགུ་པ་རྒྱལ་བ་བསོད་ནམས་རྒྱ་མཚོ། ཇོ་ནང་རྗེ་བཙུན་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་དྲུག 13.རབ་བྱུང་བཅུ་པ་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། ཀུན་གཟིགས་ལྔ་པ་ཆེན་པོ་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་བཅུ་གཉིས། 14.རབ་བྱུང་བཅུ་གཅིག་པ་རྒྱལ་དབང་བྱང་ཆུབ་རྡོ་རྗེ་དང་། བསྐལ་བཟང་རྒྱུ་ཚོ། ཆོས་ཀྱི་འབྱུང་གནས་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་བཅུ་གཅིག 15.རབ་བྱུང་བཅུ་གཉིས་པ་རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། རྒྱལ་བ་འཇམ་དཔལ་རྒྱ་མཚོ་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་ལྔ། 16.རབ་བྱུང་བཅུ་གསུམ་པའི་ནང་དུ་བྱུང་བ་གཏེར་སྟོན་དྲུག 17.རབ་བྱུང་བཅུ་བཞི་པ་རྒྱལ་དབང་ཐེག་མཆོག་རྡོ་རྗེ་སོགས་ཀྱི་དུས་མཉམ་བྱུང་བ་གཏེར་སྟོན་དྲུག་བཅས་ཁྱོན་བསྡོམས་པས་གཏེར་སྟོན་རིམ་བྱོན་མཚན་གསལ་བ་བཅས་སོ། ། (དེ་དག་གི་མཚན་རིམ་ནི་ཚན་པ་སོ་སོར་གཟིགས་པར་ཞུ།)

Tibetan Source 《རིན་ཆེན་གཏེར་མཛོད་ཀ་པ་》ཤ་227ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number