1362

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐེག་པ་ཆེན་པོ་སྟོན་པར་འགྱུར་བའི་ཆོས་གསུམ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་རེ་གསུམ་ཡོད་པ་སྟེ།

ཁག་དང་པོ། 1.དགེ་བའི་རྩ་བས་བརྟན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ། 2.དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས་ཞུམ་པ་མེད་པ། 3.སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པས་ཕྱིར་མི་ལྡོག་པའོ། ། ཁག་གཉིས་པ། 1.ཚོགས་ཡོངས་སུ་ཚོལ་བ་དང་། 2.ཚོགས་ལ་སོ་སོར་རྟོག་པ་དང་། 3.ཚོགས་ལ་སེམས་ཅན་སྦྱོར་བའོ། ། ཁག་གསུམ་པ། 1.སེར་སྣ་ཚར་གཅོད་པ་དང་། 2.གཏོང་བ་འཕེལ་བར་བྱེད་པ་དང་། 3.བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། ། ཁག་བཞི་པ། 1.ཚུལ་ཁྲིམས་ཡང་དག་པར་འཛིན་པ། 2.ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ། 3.བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། ། ཁག་ལྔ་པ། 1.ཁོང་ཁྲོ་བ་མེད་པའི་སེམས། 2.སེམས་ཅན་ཁྲོས་པ་དང་བར་བྱེད་པ། 3.བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། ། ཁག་དྲུག་པ། 1.བརྩོན་འགྲུས་མ་གོད་པ། 2.སེམས་ཅན་ལེ་ལོ་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ། 3.བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། ། ཁག་བདུན་པ། 1.བསམ་གཏན་སྐྱེད་པ། 2.བསམ་གཏན་དེ་ལ་མ་ཆགས་པ། 3.བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། ། ཁག་བརྒྱད་པ། 1.ཐོས་པ་ཡོངས་སུ་ཚོལ་བ། 2.ཐོས་པ་ལ་སོ་སོར་རྟོག་པ། 3.བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། ། ཁག་དགུ་པ། 1.སེམས་ཅན་ལ་དམིགས་པའི་བྱམས་པ། 2.ཆོས་ལ་དམིགས་པའི་བྱམས་པ། 3.དམིགས་པ་མེད་པའི་བྱམས་པའོ། ། ཁག་བཅུ་པ། 1.རང་གིས་བྱེད་པའི་སྙིང་རྗེ། 2.གཞན་བྱེད་དུ་འཇུག་པའི་སྙིང་རྗེ། 3.མཐའ་གཉིས་བསལ་བའི་སྙིང་རྗེ་ཆེན་པོའོ། ། ཁག་བཅུ་གཅིག་པ། 1.བདག་ལ་ཕན་པའི་ཕྱིར་ཤེས་པ་ཡོངས་སུ་ཚོལ་བ། 2.གཞན་ལ་ཕན་པའི་ཕྱིར་ཤེས་པ་ཡོངས་སུ་ཚོལ་བ། 3.གཉི་གའི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པའོ། ། ཁག་བཅུ་གཉིས་པ། 1.འདས་པ་ལ་ཟད་པར་ཤེས་པ། 2.མ་འོངས་པ་ལ་མ་ཕྱིན་པར་ཤེས་པ། 3.ད་ལྟར་བྱུང་བ་ལ་ཆོས་གནས་པ་མེད་པར་ཤེས་པའོ། ། ཁག་བཅུ་གསུམ་པ། 1.ངེས་པའི་སེམས་ཅན་རྣམས་ལ་རབ་ཏུ་གྲོལ་བའི་བྱམས་པ། 2.མ་ངེས་པའི་སེམས་ཅན་རྣམས་ལ་རབ་ཏུ་གྲོལ་བའི་བྱམས་པ། (3)ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་བསྐྱབ་པ་ཆེན་པོའི་བྱམས་པའོ། ། ཁག་བཅུ་བཞི་པ། 1.འགྲོགས་ན་བདེ་བས་ལུས་ལས་སུ་རུང་བ། 2.ཕ་རོལ་ཀུན་ཏུ་སྲུང་བས་ངག་སྙན་པ། 3.དྲང་བས་སེམས་ལས་སུ་རུང་བའོ། ། ཁག་བཅོ་ལྔ་པ། 1.མི་སྡུག་པ་ལའང་གནས་ལ་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་དང་འགྲོགས་པ་ལའང་མི་སྨོད་པ། 2.བྱམས་པ་ལའང་གནས་ལ་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་དང་འགྲོགས་པ་ལའང་མི་སྨོད་པ། 3.རྟེན་ཅིང་འབྲེལ་པར་འབྱུང་བ་ལའང་རྣམ་པར་ལྟ་ལ་གཏི་མུག་ལ་སྤྱོད་པའི་སེམས་ཅན་དང་འགྲོགས་པ་ལའང་མི་སྨོད་པའོ། ། ཁག་བཅུ་དྲུག་པ། 1.ལེགས་པར་སྤྱད་པའི་ཕྱིར་ཕན་པ། 2.ཆོག་ཤེས་པའི་ཕྱིར་རན་པ། 3.ཕྱིས་འགྱོད་པ་མེད་པའི་ཕྱིར་བཟོད་པའོ། ། ཁག་བཅུ་བདུན་པ། 1.ཐོས་པ་ཡོངས་སུ་འཛིན་པ། 2.ཚིག་དང་ཡི་གེ་རྣམས་འཛིན་པ། 3.སྒྲ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པར་ཤེས་པའོ། ། ཁག་བཅོ་བརྒྱད་པ། 1.དོན་དམ་པར་བདེན་པས་བདེན་པ། 2.མི་སླུ་བས་ཡང་དག་པ། <3>དེ་བཞིན་ཉིད་པས་དེ་ཁོ་ནའོ། ། ཁག་བཅུ་དགུ་པ། 1.བདག་ཅི་འདྲ་ཞེས་བདག་ཤེས་པ། 2.གཏམ་ཅི་འདྲ་བ་ཞིག་བྱ་ཞེས་སེམས་ཅན་ཤེས་པ། 3.དུས་སུ་གནས་པས་དུས་ཤེས་པའོ། ། ཁག་ཉི་ཤུ་པ། 1.ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་མཉམ་པ་ཉིད། 2.ཁམས་ལ་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད། 3.སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟར་སོ་སོར་རྟོག་པའོ། ། ཁག་ཉེར་གཅིག་པ། 1.རྒྱུས་འབྲས་བུ་ཆུད་མི་གཟོན་པ། 2.རྐྱེན་རྣམས་ཀྱིས་འཕེལ་བ་ལ་མཁས་པ། 3.ཆོགས་ནས་ཕན་ཚུན་ཡང་དག་པར་འདུ་བའོ། ། ཁག་ཉེར་གཉིས་པ། 1.སངས་རྒྱས་དང་མི་འགལ་བ། 2.ཆོས་མི་སྤོང་བ། 3.དགེ་འདུན་ལ་ང་རྒྱལ་མེད་ཅིང་བླ་མར་གུས་པར་བསྙེན་བཀུར་བྱེད་པའོ། ། ཁག་ཉེར་གསུམ་པ། 1.འདོད་ཆགས་རབ་ཏུ་ཞི་བ། 2.ཞེ་སྡང་དང་བྲལ་བ། 3.གཏི་མུག་ཡང་དག་པར་བཅོམ་པའོ། ། ཁག་ཉེར་བཞི་པ། 1.ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པ། 2.མཚན་ཉིད་ཀྱི་བདེན་པ་སྟོན་པ། 3.དོན་དམ་པའི་བདེན་པ་ལ་གནས་པའོ། ། ཁག་ཉེར་ལྔ་པ། 1.སེམས་ཅན་རྣམས་ལ་བརྙས་པ་མེད་པ། 2.སྦྱིན་གནས་རྣམས་ལ་རབ་ཏུ་འདུད་པ། 3.ཉོན་མོངས་པ་རྣམས་སུ་མི་ལྟུང་བའོ། ། ཁག་ཉེར་དྲུག་པ། 1.འདོད་པའི་ཁམས་ཀྱིས་མི་གོས་པ། 2.གཟུགས་ཀྱི་ཁམས་དང་མ་འདྲེས་པ། 3.གཟུགས་མེད་པའི་ཁམས་ལ་དེ་མ་ཆགས་པའོ། ། ཁག་ཉེར་བདུན་པ། 1.མ་རྙེད་པ་དང་། མ་གྲགས་པ་དང་། སྨད་པ་དང་། སྡུག་བསྔལ་རྣམས་ཀྱིས་སྲོ་ཤི་བ་མེད་པ། 2.རྙེད་པ་དང་། གྲགས་པ་དང་། བསྔགས་པ་དང་། བདེ་བ་རྣམས་ཀྱིས་ཁེངས་པ་མེད་པ། 3.འཇིག་རྟེན་གྱི་ཆོས་བརྒྱད་དང་མ་འདྲེས་པས་རི་ལྟར་མི་གཡོ་བའོ། ། ཁག་ཉེར་བརྒྱད་པ། 1.དབང་པོ་རྣམས་ཤིན་ཏུ་སྦས་པ། 2.མདུད་པ་རྣམས་ལས་ཤིན་ཏུ་རྣམ་པར་གྲོལ་བ། 3.སེམས་ཤིན་ཏུ་དུལ་བའོ། ། ཁག་ཉེར་དགུ་པ། 1.སའི་ཡོན་ཏན་ལ་གནས་པ་ཤེས་པ། 2. སའི་ཉེས་པ་ཟློག་པ་ཤེས་པ། 3.ས་ནས་སར་འཕར་བ་ཤེས་པའོ། ། ཁག་སུམ་ཅུ་པ། 1.བསམ་པ་གྱ་ནོམ་པ་ལ་གནས་པ། 2.ལྷག་པའི་བསམ་པའི་ཁྱད་པར་ལ་གནས་པ། 3.སྦྱོར་བ་རྒྱུན་མི་འཆད་པར་གནས་པའོ། ། ཁག་སོ་གཅིག་པ། 1.ཏིང་ངེ་འཛིན་ཡོངས་སུ་དག་པར་བྱ་བའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་སློབ་པ། 2.ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷག་པའི་སེམས་ལ་སློབ་པ། 3.རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷག་པའི་ཤེས་རབ་ལ་སློབ་པའོ། ། ཁག་སོ་གཉིས་པ། 1.བདེ་བའི་ཚོར་བ་ལ་རྗེས་སུ་ཆགས་པ་སྤོང་བ། 2.སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བ་སྤོང་བ། 3.སྡུག་བསྔལ་ཡང་མེད་བདེ་བའང་མེད་པའི་ཚོར་བ་ལ་མ་རིག་པ་སྤོང་བའོ། ། ཁག་སོ་གསུམ་པ། 1.མངོན་པར་འདུ་བྱ་བ་མེད་པས་རྒྱུ་ལས་ལྡོག་པ། 2.ཡོངས་སུ་མི་རྟོག་པས་ཉོན་མོངས་པ་ལས་ལྡོག་པ། 3.སྨོན་པ་མེད་པས་ཁམས་གསུམ་ལས་ལྡོག་པའོ། ། ཁག་སོ་བཞི་པ། 1.སྟོང་པ་ཉིད་ཀྱང་འདྲིས་པར་བྱེད་ལ་ལྟ་བ་དང་ཡང་བྲལ་བ། 2.མཚན་མ་མེད་པའང་འདྲིས་པར་བྱེད་ལ་རྣམ་པར་རྟོག་པའང་འདྲིས་པར་བྱེད་ལ་རྣམ་པར་རྟོག་བའང་ཉེ་བར་ཞི་བ། 3.སྨོན་པ་མེད་པའང་འདྲིས་པར་བྱེད་ལ་ཁམས་གསུམ་ཡང་འགོག་པའོ། ། ཁག་སོ་ལྔ་པ། 1.མིག་སྟོང་པ་ཉིད། 2.གཟུགས་དབེན་པ་ཉིད། 3.མིག་གི་རྣམ་པར་ཤེས་པ་གནས་པ་མེད་པ་ཉིད་དོ། ། ཁག་སོ་དྲུག་པ། 1.རྣ་བ་སྟོང་པ་ཉིད། 2.སྒྲ་དབེན་པ་ཉིད། 3.རྣ་བའི་རྣམ་པར་ཤེས་པ་གནས་པ་མེད་པའོ། ། ཁག་སོ་བདུན་པ། 1.སྣ་སྟོང་པ་ཉིད། 2.དྲི་དབེན་པ་ཉིད། 3.སྣའི་རྣམ་པར་ཤེས་པ་གནས་པ་མེད་པའོ། ། ཁག་སོ་བརྒྱད་པ། 1.ལྕེ་སྟོང་པ་ཉིད། 2.རོ་དབེན་པ་ཉིད། 3.ལྕེའི་རྣམ་པར་ཤེས་པ་གནས་པ་མེད་པའོ། ། ཁག་སོ་དགུ་པ། 1.ལུས་སྟོང་པ་ཉིད། 2.རེག་བྱ་དབེན་པ་ཉིད། 3.ལུས་ཀྱི་རྣམ་པར་ཤེས་པ་གནས་པ་མེད་པའོ། ། ཁག་བཞི་བཅུ་པ། 1.ཡིད་སྟོང་པ་ཉིད། 2.ཆོས་དབེན་པ་ཉིད། 3.ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་མེད་པའོ། ། ཁག་ཞེ་གཅིག་པ། 1.ཚུལ་ཁྲིམས་སྦེད་པ། 2.ཏིང་ངེ་འཛིན་ཀུན་ཏུ་སྲུང་བ། 3.ཤེས་རབ་ཀྱིས་རབ་ཏུ་རྣམ་པར་འབྱེད་པ་ཤེས་པའོ། ། ཁག་ཞེ་གཉིས་པ། 1.དྲན་པས་དམ་པའི་ཆོས་ཀུན་ཏུ་འཛིན་པ། 2.བློ་གྲོས་ཀྱིས་ཚུལ་བཞིན་དུ་སོ་སོར་རྟོག་པ། 3.རྟོགས་པས་དོན་གྱི་རྣམ་པར་ཁོང་དུ་ཆུད་པའོ། ། ཁག་ཞེ་གསུམ་པ། 1.ཉན་ཐོས་རྣམས་ལ་འཕགས་པའི་བདེན་པའི་སྒྲའི་རྗེས་སུ་ཞུགས་པ་རྣམ་པར་གྲོལ་བའི་ཚུལ་སྟོན་པ། 2.རང་སངས་རྒྱས་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྩེ་གཅིག་ཏུ་བྱ་བས་རྣམ་པར་གྲོལ་བའི་ཚུལ་སྟོན་པ། 3.བྱང་ཆུབ་སེམས་དཔའ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་རྣམ་པར་གྲོལ་བའི་ཚུལ་སྟོན་པའོ། ། ཁག་ཞེ་བཞི་པ། 1.དེ་ལ་གཏོང་བ་ནི། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའོ། ། 2.གཏོང་བ་ཆེན་པོ་ནི། ཆུང་མ་དང་། བུ་དང་། བུ་མོ་ཡོངས་སུ་གཏོང་བའོ། ། 3.ཤིན་ཏུ་གཏོང་བ་ནི། ལག་པ་དང་། རྐང་པ་དང་། མགོ་དང་། མིག་ཡོངས་སུ་གཏོང་བའོ། ། ཁག་ཞེ་ལྔ་པ། 1.དམ་པའི་ཆོས་ཡོངས་སུ་འཛིན་པ། 2.ཆོས་སྨྲ་བ་ཡོངས་སུ་འཛིན་པ། 3.ཐེག་པ་ཆེན་པོ་ཡོངས་སུ་འཛིན་པའོ། ། ཁག་ཞེ་དྲུག་པ། 1.འཁོར་བའི་རྒྱུན་མི་གཅོད་པ། 2.འཁོར་བའི་སྐྱོན་ཁོང་དུ་ཆུད་པ། 3.འཁོར་བའི་སྐྱོན་ཡོངས་སུ་སྤོང་བའོ། ། ཁག་ཞེ་བདུན་པ། 1.སྒྲིབ་པ་དང་བྲལ་བའི་སེམས་ཀྱིས་ཆོས་ཉན་པ། 2.ཀུན་ནས་ལྡང་བ་མེད་པའི་སེམས་ཀྱིས་ནང་དུ་ཡང་དག་པར་འཇོག་པ། 3.འབྱུང་བའི་སེམས་ཀྱིས་ཡང་དག་པར་བསྒྲུབ་པའོ། ། ཁོག་ཞེ་བརྒྱད་པ། 1.དོན་ལ་རྟོན་པའི་ཐོས་པ། 2.ཡེ་ཤེས་ལ་རྟོན་པའི་སོ་སོར་རྟོག་པ། 3.ཆོས་ལ་རྟོན་པའི་རྣམ་པར་གྲོལ་བའོ། ། ཁག་ཞེ་དགུ་པ། 1.མང་དུ་ཐོས་པའི་དགོན་པ་ན་གནས་པ། 2.དགོན་པ་ན་གནས་ཏེ་ཚུལ་བཞིན་ཡིད་ལ་བྱེད་པ། 3.ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་ཏེ་ཆོས་ཐམས་ཅད་རྗེས་སུ་རྟོགས་པའོ། ། ཁག་ལྔ་བཅུ་པ། 1.མཁས་པ་རྣམས་ལ་བསྙེན་བཀུར་བྱེད་པ། 2.མང་དུ་ཐོས་པ་རྣམས་ལ་འདྲི་བ། 3.བསམ་གཏན་པ་རྣམས་ཀུན་ཏུ་སྲུང་བའོ། ། ཁག་ང་གཅིག་པ། 1.ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ། 2.ཆོས་ཉན་པ་རྣམས་ལ་བྱམས་པ་ཉེ་བར་སྒྲུབ་པ། 3.ཐམས་ཅད་མཁྱེན་པའི་སེམས་མངོན་དུ་བྱེད་པའི་ལས་སོ། ། ཁག་ང་གཉིས་པ། 1.སེམས་མཉམ་པ་ཉིད་པས་སེམས་ཅན་མཉམ་པ་ཉིད། 2.ཐ་དད་པ་མེད་པ་ཉིད་པས་ཆོས་མཉམ་པ་ཉིད། 3.ཡེ་ཤེས་མཉམ་པ་ཉིད་པས་སངས་རྒྱས་མཉམ་པ་ཉིད་དོ། ། ཁག་ང་གསུམ་པ། 1.ཡེ་ཤེས་ཀྱི་དུས་གསུམ་མཉམ་པ་ཉིད། 2.བློས་རྣམ་པར་ཐར་པ་གསུམ་མཉམ་པ་ཉིད། 3.ཡོངས་སུ་ཤེས་པས་ཁམས་གསུམ་མཉམ་པ་ཉིད་དོ། ། ཁག་ང་བཞི་པ། 1.འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་སྡུག་བསྔལ་བར་སོ་སོར་རྟོག་པ། 2.ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པ། 3.མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པའོ། ། ཁག་ང་ལྔ་པ། 1.ཉམས་འོག་ཏུ་ཆུད་པར་བྱེད་པས་དམ་བཅས་པ་སྙིང་པོ་ཉིད། 2.ནན་ཏན་བྱེད་པས་ཐོས་པ་སྙིང་པོ་ཉིད། 3.ཤེས་རབ་ཀྱིས་ཏིང་ངེ་འཛིན་སྙིང་པོ་ཉིད་དོ། ། ཁག་ང་དྲུག་པ། 1.ལྟུང་བ་མི་འཆབ་པ། 2.སྡིག་པ་རྣམ་པར་འབྱེད་པ། 3.ཕྱིན་ཆད་སྡོམ་པར་བྱེད་པའོ། ། ཁག་ང་བདུན་པ། 1.འགྱོད་པ་དང་བྲལ་བ། 2.ཀུན་ནས་ལྡང་བ་དང་བྲལ་བ། 3.ཐེ་ཚོམ་དང་བྲལ་བའོ། ། ཁག་ང་བརྒྱད་པ། 1.དགོན་པ་ལ་གནས་པ། 2.རབ་ཏུ་དབེན་པ་ལ་དགའ་བ། 3.དགེ་བའི་ཆོས་འདོད་པའོ། ། ཁག་ང་དགུ་པ། 1.ཟབ་མོའི་ཆོས་ལ་བཟོད་པ། 2.ཆོས་སྣ་ཚོགས་སྟོན་པ། 3.སྤོབས་པ་ཀུན་ཏུ་འགྲོ་བའོ། ། ཁག་དྲུག་ཅུ་པ། 1.ཐོས་པ་རྣམ་པར་ངེས་པའི་གཟུངས། 2.སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སྤོབས་པ། 3.ལྷས་ཡོངས་སུ་བཟུང་བའི་ཆོས་ཀྱི་གཏམ་མོ། ། ཁག་རེ་གཅིག་པ། 1.ས་ལྟ་བུའི་སེམས་དང་པོ་བསྐྱེད་པ། 2.སྤྱོད་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའི་སྤྱོད་པ་དང་འབྲེལ་བ། 3.འདུ་ཤེས་ཐམས་ཅད་ལོག་པའི་ཕྱིར་མི་ལྡོག་པའི་སའོ། ། ཁག་རེ་གཉིས་པ། 1.སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཡོངས་སུ་རྫོགས་པར་བྱེད་པ། 2.བསམ་པ་ལས་བྱུང་བའི་བཟོད་པ་འཕྲོ་བ་མེད་པ། 3.མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། ། ཁག་རེ་གསུམ་པ། 1.ཐབས་དང་ཤེས་རབ་དང་རབ་ཏུ་ལྡན་པའི་ལམ་སྒོམ་པ། 2.བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ། 3.བརྩོན་འགྲུས་དང་བག་ཡོད་པ་དང་རབ་ཏུ་ལྡན་པར་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །

Tibetan Source 《མདོ་ན་པ་》ཤ་103ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number