3502

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕ་རོལ་འབྱོར་པ་ལ་དགའ་བའི་ཕན་ཡོན་བཞི།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1.བདག་གིས་སེམས་ཅན་འདི་དག་བཟུང་སྟེ། བདག་འདི་དག་གི་ཆེད་དུ་གོ་ཆ་བགོས་ནས་འདི་དག་བདེ་བ་ལ་སྦྱར་བ་ཡིན་ན། སེམས་ཅན་འདི་དག་ནི། རང་གི་མཐུས་བསྒྲུབས་པའི་ལོངས་སྤྱོད་ཀྱིས་བདེ་བར་འཚོའོ། ། ཞེས་དགའ་བ་རྙེད་པ། 2.དེའི་ལོངས་སྤྱོད་རྒྱལ་པོ་དང་། རྐུན་པོ་དང་། མེ་དང་། ཆུ་ལ་སོགས་པ་དང་བགོ་སྐལ་ལ་སྤྱོད་པ་མི་མཛའ་བ་རྣམས་ཀྱིས་མི་འཕྲོག་པར་འགྱུར་བ། 3.གང་གི་ཚེ་བུ་ཕུན་སུམ་ཚོགས་པ་དང་། གཡོག་འཁོར་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད་པ་དེའི་ཚེ་རྒྱལ་པོ་ཡང་དགའ་བར་འགྱུར་ན། སེམས་ཅན་གཞན་ལྟ་ཅི་དགོས། ། 4.དེ་ལོངས་སྤྱོད་དང་། ཀུན་ཏུ་སྤྱོད་པ་རྒྱ་ཆེན་པོ་ལ་སེམས་འཇུག་པའོ། །

Tibetan Source 《དཀོན་བརྩེགས་ང་པ་》ཤ་34ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number