3562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འཕར་བ་མནན་པའི་རླུང་འཇུག་པའི་རིགས་བཞི།
Tibetan Alternate
Tibetan Definition དེ་ཡང་། གྲུབ་ཆེན་མོར་པའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིག་ལས་བྱུང་བ་སྟེ།

1.ཕོ་རླུང་། དེ་ཞུགས་པའི་རྟགས་ལུས་འཕར་བ་དང་གཡོ་བ་འབྱུང་། ལུས་ལ་བདེ་དྲོད་སྐྱེས་དེས་ཏིང་ངེ་འཛིན་སྐྱེའོ། ། 2.མོ་རླུང་། དེ་ཞུགས་རྟགས་སུ་ལུས་འདར་ཞིང་དྲོད་སྐྱེ། ། དེས་ཏིང་ངེ་འཛིན་སྐྱེའོ། ། 3.མ་ནིང་གི་རླུང་། དེ་ཞུགས་པའི་རྟགས་སུ་ནི་ལུས་འཕར་བ་དང་འདར་བ་མེད་པ་བདེ་དྲོད་སྐྱེ་ཞིང་། རྗེས་ལ་ཏིང་ངེ་འཛིན་སྐྱེའོ། ། དེ་ལྟར་གསུམ་པོ་དེ་ལ་བཅོས་མི་དགོས། ། 4.ཐོད་རྒྱལ་བ་ཡེ་ཤེས་མེ་འབར་བའི་རླུང་། དེ་ཁུགས་རྟགས་ནི་མཆོང་རྒྱུག་ལ་སོགས་པ་སྣ་ཚོགས་ཡོད་པས། འདི་ལ་འདྲ་མིན་གཉིས་སུ་འོང་སྟེ། མཆོང་རྒྱུག་ལ་སོགས་པ་བྱེད་ཅིང་དྲོད་དང་ཏིང་ངེ་འཛིན་མེད་ལ་རྗེས་ལ་སྙིང་མི་དགའ་བློ་བཀོལ་དུ་མི་འདོད་ན་ཕྱི་རོལ་གདོན་གྱི་འཕར་བ་ཡིན་པས། དེ་ཞི་བར་བྱེད་པའི་ཐབས་ནི། དཔའ་བོ་གཡུལ་དུ་བསད་པའི་རོ་བསྲེགས་པའི་རུས་པ་ཆུ་ལ་བརྡར་ཏེ་ལྟེ་བར་བྱུགས་ན་དེས་ཞི་བར་འགྱུར་རོ། ། ཡང་ན་གཞོན་ནུ་མ་སྐྱེས་པ་དང་མ་འཕྲད་པའི་རང་བྱུང་དང་བྱང་སེམས་བསྲེས་ཏེ་གནས་གསུམ་དུ་ཐིག་ལེ་བྱས་ན་ཞི་བར་འགྱུར་རོ། །

Tibetan Source 《དཔལ་སྤྲུལ་གསུང་འབུམ་ང་པ་》ཤ་17བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number