5093

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བརྟག་པར་བྱ་བ་ཡོད་པའི་དངོས་པོ་རྣམ་པ་ལྔ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1.རང་གི་མཚན་ཉིད་ཀྱིས་ཡོད་པ་ནི། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། (1)དོན་དམ་པའི་མཚན་ཉིད་ཀྱིས་ཡོད་པ་ནི། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་དོན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་མཚན་ཉིད་རྣམ་པར་གཞག་ཏུ་མེད་པ་གང་ཡིན་པའོ། ། (2)མཚན་མའི་མཚན་ཉིད་ཀྱིས་ཡོད་པ་ནི། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། [1]གང་ལ་མིང་ཡང་དམིགས་པ། [2]དངོས་པོ་ཡང་དམིགས་པ། [3]མིང་དེ་ཡང་དངོས་པོ་དེ་ལ་ནོར་བའི་འཁྲུལ་པ་དང་། མི་རྟག་པའི་འཁྲུལ་པས་འཁྲུལ་པ་མེད་པ། [4]མིང་དེ་ཡང་དངོས་པོ་དེ་ཐོགས་པ་མེད་པར་འཇུག་སྟེ། གང་དུ་ཡང་མི་འཇུག་ལ་གང་ལས་ཀྱང་མི་ལྡོག་པའོ། ། (3)ད་ལྟར་གྱི་མཚན་ཉིད་ཀྱིས་ཡོད་པ་ནི། བྱུང་བ་རྒྱུ་དང་འབྲས་བུར་གྱུར་པ་གང་ཡིན་པ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རང་གི་མཚན་ཉིད་ཀྱིས་ཡོད་པ་ཞེས་བྱའོ། ། 2.སྤྱིའི་མཚན་ཉིད་ཀྱིས་ཡོད་པ་ནི། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། (1)སྐྱེ་བའི་སྤྱིའི་མཚན་ཉིད་ནི། གཟུགས་དང་། ཚོར་བ་དང། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱི་རང་རང་གི་སྐྱེ་བ་གང་ཡིན་པའོ། ། (2)བྱ་བ་བསྒྲུབ་པ་སྤྱིའི་མཚན་ཉིད་ནི། དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ནི་སྡུག་པའི་འབྲས་བུ་མངོན་པར་འགྲུབ་པ་ལ་བྱ་བ་སྒྲུབ་པའི་སྤྱིའི་མཚན་ཉིད་ཀྱིས་སྤྱིའི་མཚན་ཉིད་རྣམས་དང་། དགེ་བའི་ཆོས་སྡུག་པའི་འབྲས་བུ་མངོན་པར་འགྲུབ་པ་ལ་ཇི་ལྟ་བ་བཞིན་དུ། མི་དགེ་བའི་ཆོས་རྣམས་ཀྱང་མི་སྡུག་པའི་འབྲས་བུ་མངོན་པར་འགྲུབ་པ་ལ་དེ་དེ་དང་འདྲ་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཁྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་གྱི་ཡན་ལག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་བྱང་ཆུབ་ཐོབ་པར་བྱ་བ་ལ་བསྒྲུ བ་པའི་སྤྱིའི་མཚན་ཉིད་ཀྱིས་སྤྱིའི་མཚན་ཉིད་རྣམས་སོ། ། (3)འདུ་བྱེད་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ནི། འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཉིད་དོ། ། (4)ཟག་པ་དང་བཅས་པའི་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ནི། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་སྡུག་བསྔལ་བ་ཉིད་དོ། ། (5)ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ནི། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང་། བདག་མེད་པ་སྟེ། འདི་ནི་སྤྱིའི་མཚན་ཉིད་ཅེས་བྱའོ། ། 3.བརྡའི་མཚན་ཉིད་ཀྱིས་ཡོད་པ་ནི། གང་ལ་བརྗོད་པ་རྣམ་པ་དྲུག་འབྱུང་བ་ནི། (1)བདག་པོ་དང་འབྲེལ་པར་ལྡན་པའི་བརྗོད་པ་ནི། བརྗོད་པ་གང་། བདག་པོ་དང་འབྲེལ་བས་མཚན་ཉིད་སོ་སོར་རྟོགས་པར་འགྱུར་གྱི། བདག་པོ་དང་འབྲེལ་བ་མེད་པ་མ་ཡིན་པ་སྟེ། དཔེར་ན། སྐྱེ་བ་ཞེས་སྨྲས་ན། འདི་གང་གི་སྐྱེ་བ་ཞེས་བདག་པོ་དང་འབྲེལ་པ་ལ་ལྟོས་པའི་བརྗོད་པ་འབྱུང་སྟེ། གཟུགས་ཀྱི་སྐྱེ་བ་དང་། ཚོར་བ་དང། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་ཞེས་བྱའི་གཟུགས་ཞེས་སྨྲས་ན་འདི་སུའི་གཟུགས་ཞེས་བདག་པོ་དང་འབྲེལ་པ་ལ་ལྟོས་པའི་བརྗོད་པ་ནི་མེད་པ་ལྟ་བུའོ། སྐྱེ་བ་ལ་ཇི་ལྟ་བ་བཞིན་དུ་རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། དེ་ལྟ་བུ་དང་མཐུན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་དེ་དང་འདྲ་བར་ཅི་རིགས་པར་རིག་པར་བྱའོ། ། འདི་ནི་བདག་པོ་དང་འབྲེལ་པར་ལྡན་པའི་བརྗོད་པ་ཞེས་བྱ་སྟེ། དེ་གང་ལ་ཡོད་པ་དེ་ནི་བརྡའི་མཚན་ཉིད་དུ་རིག་པར་བྱའོ། ། (2)དེས་དེ་དང་གཞན་གྱིས་སྤངས་པའི་བརྗོད་པ་ནི། བརྗོད་པ་གང་དེས་དེ་དང་། གཞན་གྱིས་གཞན་བསྟན་པར་མི་འགྱུར་བ་དེ་ནི། དེས་དེ་དང་གཞན་གྱིས་སྤངས་པ་ཞེས་བྱའོ། ། དེ་ཉིད་ཀྱིས་དེ་བསྟན་པའི་བརྗོད་པ་གང་ཡིན་པ་དེ་ནི་རྫས་ཀྱི་མཚན་ཉིད་དང་། བརྡའི་མཚན་ཉིད་ལ་ཡང་འཇུག་གོ ། གཞན་གྱིས་གཞན་བསྟན་པའི་བརྗོད་པ་གང་ཡིན་པ་དེ་ཡང་རྫས་ཀྱི་མཚན་ཉིད་དང་། བརྡའི་མཚན་ཉིད་ལ་ཡང་འཇུག་གོ ། (3)བརྡ་ལས་བྱུང་བའི་བརྗོད་པ་ནི། མཚན་མའི་མཚན་ཉིད་རྣམ་པ་དྲུག་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་གདགས་པའི་བརྗོད་པ་གང་ཡིན་པ་སྟེ། མཚན་མའི་མཚན་ཉིད་རྣམ་པ་དྲུག་ནི། [1]དངོས་པོའི་མཚན་ཉིད། [2]རྣམ་པར་ཤེས་པར་བྱ་བའི་མཚན་ཉིད། [3]སྡུག་པ་ལ་སོགས་པའི་མཚན་ཉིད། [4]ཕན་འདོགས་པ་ལ་སོགས་པའི་མཚན་ཉིད། [5]ཐ་སྙད་ཀྱི་མཚན་ཉིད། [6]ལོག་པར་བསྒྲུབ་པ་ལ་སོགས་པ་མཚན་མའི་མཚན་ཉིད་དོ། ། (4)མང་པོ་ལས་བྱུང་བའི་བརྗོད་པ་ནི། ཕལ་པོ་ཆེ་འདུས་ཤིང་ཚོགས་པ་རྣམས་ལ་ངོ་བོ་ཉིད་རྣམ་པར་གཞག་པའི་བརྗོད་པ་གང་ཡིན་པའོ། ། (5)ཀུན་ཏུ་འགྲོ་བ་མ་ཡིན་པའི་བརྗོད་པ་ནི། བརྗོད་པ་གུང་ཁ་ཅིག་ལ་ནི་འཇུག ཁ་ཅིག་ལས་ནི་ལྡོག་པ་སྟེ། འདི་ལྟ་སྟེ། ཁྱིམ་ལ་ཁྱིམ་ཞེས་བརྗོད་པ་ནི་གྲོང་དང་ཡུལ་འཁོར་ལ་སོགས་པ་ལས་ལྡོག་པ་ལྟ་བུའོ། ། (6)མི་རྟག་པའི་བརྗོད་པ་ནི། འདི་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། [1]ཐ་དད་པ། [2]ཐ་དད་པ་མ་ཡིན་པ། [3]མངོན་པར་བྱས་པ། [4]ཡོངས་སུ་གྱུར་པ་དང་བཞིའོ། ། 4.རྒྱུའི་མཚན་ཉིད་ཀྱིས་ཡོད་པ་ནི། མདོར་བསྡུ་ན་རྣམ་པ་ལྔ་སྟེ། (1)སྡུག་པའི་རྒྱུ། (2)མི་སྡུག་པའི་རྒྱུ། (3)ལྟ་བའི་རྒྱུ། (4)འབྱུང་བའི་རྒྱུ། (5)ལྡོག་པའི་རྒྱུའོ། ། 5.འབྲས་བུའི་མཚན་ཉིད་ཀྱིས་ཡོད་པ་ནི། རྒྱུ་རྣམ་པ་ལྔ་པོ་འདི་དག་ལས་སྐྱེས་པ་དང་། ཐོབ་པ་དང་། གྲུབ་པ་དང་། རྫོགས་པ་དང། ཞུགས་པ་གང་ཡིན་པ་དེ་ནི་འབྲས་བུའི་མཚན་ཉིད་དུ་རིག་པར་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཚི་པ་》ཤ་201ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number