6176

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཁས་བཙུན་མི་དྲུག་གམ་ཟོག་པོ་མི་དྲུག
Tibetan Alternate
Tibetan Definition དེ་ཡང་། བསྟན་པ་ཕྱི་དར་སྐབས་བར་ཁམས་ཁུལ་དུ་ཐོག་མར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གནང་ཐུབ་མཁན་དམར་གཡོ་གཙང་གསུམ་གྱི་ཁ་སྐོང་ལས་གྲལ་དུ་ཕེབས་མཁན་མཁས་བཙུན་མི་དྲུག་གམ་ཟོག་པོ་མི་དྲུག་སྟེ།

1. འལ་རྡོ་རྗེ་དབང་ཕྱུག 2. སྣུབས་དཔལ་གྱི་དབང་ཕྱུག 3. སྤང་གོང་ཡེ་ཤེས་གཡུང་དྲུང་། 4. ཅོག་རོ་ཤེས་རབ་བྱང་ཆུབ། 5. ཤོང་ཆུང་པ་ཤེས་རབ་གྲགས་པ། 6. ཨན་འབར་བ་བྱང་ཆུབ་བོ། དེ་ཡང་། སྔར་གྲྭ་ཆས་གྱོན་པ་ཙམ་ལས་སྡོམ་པ་མེད་པའི་གྲྭ་གཟུགས་ཡིན་སྟབས་ཟོག་པོ་མི་དྲུག་ཐོགས་ཤིང་། རྗེས་སུ་དགེ་འདུན་གྱི་ཁ་གྲངས་ལོངས་པ་རྙེད་ནས་བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་གནང་ནས་ཁོང་དྲུག་པོར་དགེ་ཚུལ་སློང་གི་སྡོམ་པ་གནང་རྗེས་མཁས་བཙུན་མི་དྲུག་སྟེ། (འལ་དང་སྣུབས་གཉིས་ནི་མཁས་པ་ཡིན་པ་དང་། སྤང་དང་ཅོག་རོ་གཉིས་མཁས་བཙུན་གཉིས་ལྡན། ཤོང་དང་ཨན་འབར་གཉིས་བཙུན་པ་ཡིན་)ཞེས་བརྗོད་པ་ཡིན་ནོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་445.17ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number