7096

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཤེས་རབ་ལ་དབང་བའི་མངོན་ཤེས་དྲུག(འདི་ལ་རྣམ་གྲངས་ཉི་ཤུ་རྩ་བཞི་ཡོད)
Tibetan Alternate
Tibetan Definition 1.བློ་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ནི། བློ་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ཀྱིས་རང་གི་སེམས་ཀྱི་མཚན་ཉིད་ཅིག་ཅར་དུ་མཐོང་བ། རྣམ་པར་དག་པས་གཞན་དང་། ཤིན་ཏུ་དག་པས་རང་གཞན་གཉིས་ཀ་དང་། རབ་ཏུ་དག་པས་ལྷག་མ་མ་ལུས་པར་མཐོང་བའོ། །

2. ཚིག་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ནི། ཚིག་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ཀྱིས་སྡེ་སྣོད་ཀྱི་ཆོས་རྣམས་ཀྱི་ཚིག་དུས་གཅིག་ལ་མཐོང་བ། རྣམ་པར་དག་པས་དེ་དག་གི་དོན་ཕྱིན་ཅི་མ་ལོག་པ། ཤིན་ཏུ་དག་པས་དེ་དག་གི་འབྲས་བུ་དང་གྲོལ་ས་རྣམས་ཤེས་པ། རབ་ཏུ་དག་པས་དེ་དག་རྣམས་ཀྱི་སོ་སོའི་འཇུག་པ་མཐོང་བའོ། ། 3. སྙམ་བྱེད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ནི། སྙམ་བྱེད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ། རྣམ་པར་དག་པས་དེ་དག་ལ་སྤྱོད་པ་གང་ཟག་གི་དབང་པོ་རྣོ་རྟུལ་རྣམས་མཐོང་བ། ཤིན་ཏུ་དག་པས་དབང་པོའི་གྲོལ་ས་རྣམས་ཤེས་པ། རབ་ཏུ་དག་པས་དབང་པོའི་ཆོས་མཐུན་ཤེས་པའོ། ། 4. ཡིད་དཔྱོད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ནི། ཡིད་དཔྱོད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ཀྱིས་ཆོས་སྤྱིའི་དོན་ཐམས་ཅད་ལྷག་མཐོང་དུ་མཐོང་བ། རྣམ་པར་དག་པས་རང་གི་དོན་མཐོང་བ། ཤིན་ཏུ་དག་པས་སྤྱི་དང་རང་གཉིས་ཀ་ལྷག་མཐོང་དུ་མཐོང་བ། རབ་ཏུ་དག་པས་ཚིག་དང་ཡི་གེ་ལས་འདས་པའི་དོན་མཐོང་བའོ། ། 5. སྐྱེ་བ་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ནི། སྐྱེ་བ་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ཀྱིས་འཁོར་བའི་ཆོས་རྣམས་ཀྱི་རྒྱུ་མཐོང་བ། རྣམ་པར་དག་པས་དེའི་རྐྱེན་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་མཐོང་བ། ཤིན་ཏུ་དག་པས་དེ་དག་གི་དུས་དང་མཚན་ཉིད་མཐོང་བ། རབ་ཏུ་དག་པས་དེ་དག་ལས་རྣམ་པར་གྲོལ་བར་མཐོང་བའོ། ། 6. མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ནི། མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ཀྱིས་རང་གི་སེམས་ཀྱི་འགྱུ་བའི་ཚད་ཟིན། རྣམ་པར་དག་པས་སེམས་ཀྱི་མཚན་ཉིད་ཅེར་མཐོང་དུ་མཐོང་། ཤིན་ཏུ་དག་པས་སེམས་ཅན་གྱི་སེམས་ཀྱི་འགྱུ་བ་མཐོང་། རབ་ཏུ་དག་པས་དུས་གསུམ་གྱི་སེམས་ཅན་གྱི་སེམས་ཀྱི་འགྱུ་བ་དང་རྟོག་པ་དང་མི་རྟོག་པ་དང་བསམ་པའི་ཁྱད་པར་རྣམས་དུས་གཅིག་ལ་ཤེས་པའོ། ། དེ་དག་བསྡོམས་པས་ཀྱང་ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་བཞིའོ། །

Tibetan Source 《 ཀློང་ཆེན་མཛོད་བདུན་ག་པ་》ཤ་159ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number