7446

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔས་སློབ་པར་བྱ་བ་རྣམ་པ་བདུན།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

(1)མོས་པ་མང་བར་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་གནས་བརྒྱད་པོ་ནི། (1)མཆོག་གི་གནས། (2)རྒྱ་ཆེ་བའི་གནས། (3)ཟབ་པའི་གནས། (4)རྒྱུ་རིགས་པའི་གནས། (5)འབྲས་བུ་རིགས་པའི་གནས། (6)རྟོགས་བར་བྱ་བའི་གནས། (7)བསྒྲུབ་བར་བྱ་བའི་གནས། (8)བཤད་པར་བྱ་བའི་གནས་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དང་། དེ་ཁོ་ནའི་དོན་དང་། འབྲས་བུ་ཐོབ་པ་དང་། བླ་ན་མེད་པའི་བྱང་ཆུབ་དང་བྱང་ཆུབ་སེམས་དཔའི་བསླབ་པ་དང་། ལེགས་པར་གསུངས་པའི་ཆོས་མདོའི་སྡེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་སངས་རྒྱས་ཀྱི་ཆོསས་རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བས་མོས་པ་མང་བར་བྱའོ། ། 2. ཆོས་བཙལ་བར་བྱ་བ་ནི། བྱང་ཆུབ་སེམས་དཔའ་འཚོལ་བས་ཅི་ཞིག་ཚོལ། ཇི་ལྟར་ཚོལ། ཅིའི་ཕྱིར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ཉན་ཐོས་ཀྱི་སྡེ་སྣོད་དང་། ཕྱི་རོལ་གྱི་བསྟན་བཅོས་དང་། འཇིག་རྟེན་པའི་བཟོ་དང་། ལས་ཀྱི་གནས་ཤེས་པས་བསྡུས་པ་རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང་། གསོ་བའི་རིག་པ་དང་། གཏན་ཚིགས་རིག་པ་དང་། སྒྲའི་རིག་པ་དང་། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་དག་ཚོལ་ལོ། ། ཇི་ལྟར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གསུམ་གྱིས་ཆོས་ཚོལ་ཏེ། གུས་པ་ཆེན་པོ་ཉེ་བར་གཞོག་པ་དང་། འགྲོ་བ་ཕུན་སུམ་ཚོགས་པ་དང་། ཉན་པ་ཕུན་སུམ་ཚོགས་པས་སོ། ། ཅིའི་ཕྱིར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་རིག་པའི་གནས་ལྔ་བོ་དེ་དག་ཚོལ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཚོལ་ལོ། ། 3. ཆོས་བསྟན་པར་བྱ་བ་ནི། བྱང་ཆུབ་སེམས་དཔས་ཆོས་སྟོན་པ་ཅི་ཞིག་སྟོན། ཇི་ལྟར་སྟོན། ཅིའི་ཕྱིར་སྟོན་ཞེ་ན། གང་བཙལ་བ་དེ་ཉིད་སྟོན་ཏོ། གང་གི་ཕྱིར་བཙལ་བ་དེ་ཉིད་ཀྱི་ཕྱིར་སྟོན་ཏོ། ཇི་ལྟར་སྟོན་ཞེ་ན། རྣམ་པ་གཉིས་ཀྱིས་སྟོན་ཏེ། མཐུན་པའི་གཏམ་བརྗོད་པ་དང་། ཡོངས་སུ་དག་པས་སྟོན་ཏོ། ། 4. ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱ་བ་ནི། མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། (1)ཇི་ལྟར་བཙལ་བ་དང་ཇི་ལྟར་གཟུང་བའི་ཆོས་དེ་དག་ཉིད་ལུས་དང་ངག་དང་ཡིད་ཀྱི་རྗེས་སུ་སྒྲུབ་པ། (2)ལེགས་པར་སེམས་པ། (3)ལེགས་པར་བསྒོམ་པ། (4)བཅོམ་ལྡན་འདས་ཀྱིས་ཆོས་གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེད་དུ་མ་གནང་བ་དེ་དག་ཡོངས་སུ་སྤང་བ། (5)གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེད་དུ་གནང་བ་དེ་དག་ལ་སོ་སོར་བརྟེན་པར་བྱེད་པ་ཡིན་ནོ། ། 5. ཇི་ལྟར་ལེགས་པར་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་ནི། གདམས་ངག་ནི་མདོར་བསྡུ་ན་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། (1)བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ནི་གང་ལ་གདམས་པར་མཛད་པ་དེ་ལ་དང་པོར་སེམས་བཙལ་ཏེ་མཁྱེན་ཏོ། ། (2)སེམས་བཙལ་ནས་དབང་པོ་བཙལ་ཏེ་མཁྱེན་ཏོ། ། (3)དབང་པོ་བཙལ་ནས་བསམ་པ་བཙལ་ཏེ་མཁྱེན་ཏོ། ། (4)བསམ་པ་བཙལ་ནས་བག་ལ་ཉལ་བཙལ་ཏེ་མཁྱེན་ཏོ། ། (5)བག་ལ་ཉལ་བཙལ་ནས་ཅི་རིགས་པར་འཇུག་པའི་སྒོ་སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་འཛུད་པར་མཛད་དོ། ། (6)ཅི་རིགས་པར་འཇུག་པའི་སྒོར་བཙུད་ནས་ལེགས་པར་མ་ཟིན་པ་རྟག་པར་ལྟ་བའི་གཉེན་པོར་དབུ་མའི་ལམ་སྟོན་པར་མཛད་དོ། ། (7)དེ་ནས་ལེགས་པར་མ་ཟིན་པ་ཁྱད་པར་ལྟ་བའི་མཐའི་གཉེན་པོར་དབུ་མའི་ལམ་སྟོན་པར་མཛད་དོ། ། (8)དེ་ནས་མ་བྱས་པ་དང་། མ་ཐོབ་པ་དང་། མ་རེག་པ་དང་། མངོན་སུམ་དུ་མ་ཁྱབ་པ་ལ་མངོན་སུམ་དུ་བྱའོ་སྙམ་པའི་ང་རྒྱལ་འདོར་དུ་འཇུག་པར་མཛད་པའོ། ། གདམས་ངག་རྣམ་པ་བརྒྱད་པོ་དེ་དག་ཀྱང་མདོར་བསྡུ་ན་གནས་གསུམ་གྱིས་བསྡུ་བར་རིག་པར་བྱ་སྟེ། སེམས་མི་གནས་པ་གནས་པར་བྱ་བའི་ཕྱིར་ཐོག་མར་དམིགས་པ་ལ་ལེགས་པར་གཏོང་བའི་གནས་དང་། སེམས་གནས་པ་ལ་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་ལམ་ཡང་དག་པར་བསྟན་པའི་གནས་དང་། རང་གི་དོན་ཐོབ་པ་མཐར་ཕྱིན་པ་བར་མ་དོའི་གནས་འདོར་དུ་འཇུག་པའི་གནས་ཀྱིས་ཏེ། དེ་ལ་གདམས་ངག་དང་པོ་ལྔ་ནི་གནས་དང་པོར་བསྡུས་སོ། བར་མ་གཉིས་ནི་གནས་གཉིས་པར་བསྡུས་སོ། ཐ་མ་ནི་གནས་ཐ་མར་བསྡུས་པར་རིག་པར་བྱའོ། ། རྗེས་སུ་བསྟན་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། (1)ཁ་ན་མ་ཐོ་བ་དང་བཅས་ཀུན་དུ་སྤྱོད་པ་དགག་པ་དང་། ཁ་ན་མ་ཐོ་བ་མེད་པ་ཀུན་དུ་སྤྱོད་པ་གནང་བ། (2)དགག་པ་དང་གནང་བའི་ཆོས་རྣམས་ལ་འཁྲུལ་པར་ཀུན་དུ་སྤྱོད་པ་བསྐུལ་བ། (3)ཡང་དང་ཡང་དུ་གུས་པར་གྱུར་ཏེ་འཁྲུལ་པ་ལ་རྙོག་པ་མེད་པ། (4)མི་མཐུན་པ་མེད་པ་དང་། སྣུམ་པའི་བསམ་པ་སྨ་དབབ་བས་བརྟན་པར་བྱེད་དུ་གཞུག་པ་ཡང་དག་པར་ཞུགས་པ་ལ་དགག་པ། (5)གནང་བའི་ཆོས་རྣམས་ཀྱི་ཡོན་ཏན་ཡང་དག་པ་དང་དགག་པ་བསྙད་པས་ཡང་དག་པར་དགའ་བར་བྱའོ། རྗེས་སུ་བསྟན་པ་ལྔ་པོ་དེ་དག་ཀྱང་མདོར་བསྡུ་ན་དགག་པ་དང་། གནང་བ་དང་། བསྐུལ་བ་དང་། སྨ་དབབ་པ་དང་། ཡང་དག་པར་དགའ་བར་བྱ་བ་ཡིན་ནོ། ། 6. ཇི་ལྟར་ལེགས་པར་གདམས་ཤིང་རྗེས་སུ་བསྟན་པ་ལ་གནས་པར་བྱ་བ་ནི། གདམས་ངག་རྣམ་པ་བརྒྱད་དང་རྗེས་སུ་བསྟན་པ་རྣམ་པ་ལྔ་པོ་ཇི་སྐད་བསྟན་པས་གཞན་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་དེ་དག་ཉིད་ཀྱང་ལེགས་པར་གནས་པར་བྱའོ། ། 7. ཇི་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཅན་དུ་བྱ་བ་ནི། བསྡུ་བའི་དངོས་པོ་བཞིའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་དང་ངག་དང་ཡིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་དང་། དཀོན་མཆོག་མཆོད་པ་དང་། དགེ་བའི་བཤེས་གཉེན་བསྟེན་པ་དང་། ཚད་མེད་པ་བསྒོམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང་། བྱང་ཆུབ་སེམས་དཔས་ཐམས་ཅད་སློབ་པའི་ལས་ཅན་དུ་བྱའོ། །

Tibetan Source 《བསྟན་འགྱུར་སྣ་ཚོགས་ཇོ་པ་》ཤ་37ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number