8416

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གླིང་བཞིའི་རི་དགུ།
Tibetan Alternate
Tibetan Definition དེ་ཡང་། མཛོད་གནས་གསུམ་པ་ལས་བྱུང་བ་སྟེ།

1. གླིང་བཞི་འཇིག་རྟེན་རེའི་དབུས་སུ་རི་དགུའི་དང་པོ་རི་རྒྱལ་ལྷུན་པོ། དཔངས་སུ་དཔག་ཚད་ཁྲི་ཕྲག་བཅུ་དྲུག ཆུ་མཚམས་ཡན་ལ་རྒྱ་དཔངས་མཉམ་པ་དཔག་ཚད་བརྒྱད་ཁྲི། རོལ་མཚོ་དང་པོའི་ཁ་ཞེང་ཡང་དཔག་ཚད་བརྒྱད་ཁྲིའོ། ། 2. རི་གཉིས་པ་གཉའ་ཤིང་འཛིན་གྱི་རི་ཆུ་མཚམས་ཡན་ལ་དཔག་ཚད་བཞི་ཁྲི། རོལ་མཚོ་གཉིས་པའི་ཁ་ཞེང་དང་འདྲའོ། ། 3. རི་གསུམ་པ་གཤོལ་མདའ་འཛིན་དང་རོལ་མཚོ་གསུམ་པ་ལ་དཔག་ཚད་ཉི་ཁྲི། 4. རི་བཞི་པ་སེང་ལྡེང་ཅན་དང་རོལ་མཚོ་བཞི་པ་ལ་དཔག་ཚད་ཆིག་ཁྲི། 5. རི་ལྔ་པ་ལྟ་ན་སྡུག་རི་དང་རོལ་མཚོ་ལྔ་པ་ལ་དཔག་ཚད་ལྔ་སྟོང་། 6. རི་དྲུག་པ་རྟ་རྣ་དང་རོལ་མཚོ་དྲུག་པ་དཔག་ཚད་ཉིས་སྟོང་ལྔ་བརྒྱ། 7. རི་བདུན་པ་རྣམ་འདུད་དང་རོལ་མཚོ་བདུན་པ་ལ་དཔག་ཚད་སྟོང་དང་ཉིས་བརྒྱ་ལྔ་བཅུ། 8. རི་བརྒྱད་པ་མུ་ཁྱུད་འཛིན་རི་ལ་དཔག་ཚད་དྲུག་བརྒྱ་དང་ཉེར་ལྔ། ཕྱིའི་རྒྱ་མཚོ་ཆེན་པོའི་ཁ་ཞེང་ཕྱོགས་གཅིག་མུ་ཁྱུད་འཛིན་རི་ནས་དཔག་ཚད་འབུམ་ཕྲག་གསུམ་སྟོང་ཕྲག་ཉེར་གཉིས། 9. རི་དགུ་པ་འཁོར་ཡུག་གི་ལྕགས་རི་ནག་པོ་ནི་ཆུ་མཚམས་ཡན་ལ་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་ཡོད་པའོ། ། མཛོད་ལས། བརྒྱད་པའི་འཕང་དུ་ཕྱེད་ཕྱེད་ བྲི་ཞེས་དང་། རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། ཞེས་གསུངས་པའི་དོན་དེ་ལྟ་བུའོ། ། དེས་ན་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་ཏེ་དབུས་སུ་རི་རྒྱལ་ལྷུན་པོ་ཤར་ཤེལ། ལྷོ་བེཌཱུརྱ། ནུབ་པདྨ་ར་ག བྱང་གསེར་ལས་གྲུབ་པའོ། ། དཔག་ཚད་ཁྲི་ཕྲག་བཅུ་དྲུག་ཡོད་པའི་སྨད་ཆ་དཔག་ཚད་བརྒྱད་ཁྲི་ཆུའི་ནང་དུ་ནུབ་པ། རི་དགུ་པོ་ཐམས་ཅད་འདྲའོ། ། སྟོད་ཆ་དཔག་ཚད་ཁྲི་ཕྲག་བརྒྱད་ཅུའི་སྟེང་དུ་མངོན་པར་འཕགས་པའོ། །(གསེར་གྱི་རི་བདུན་ནི་རི་དང་པོ་དང་དགུ་པ་ཕུད་པའི་རི་བདུན་པོ་རྣམས་ཡིན་ནོ)

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་575.7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number