8622

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རབ་རྟོག་གི་སྒྲ་དགུ།
Tibetan Alternate
Tibetan Definition 1.སྙམ་སྦྱོར་སྟངས་ནི། (པཎ་ཆེན་བསྟན་པའི་དབང་ཕྱུག་གིས་)སྒྲ་དབྱངས་ལྷ་མོའི་བཞིན་དཔལ་ལ་བསྒྲུན་ཕྱིར། ། དཔལ་མོ་རྒྱ་མཚོའི་གཞི་ལས་སྟེང་ཐོན་ཀྱང་། ། ཆ་ཤས་ཙམ་ཡང་འགྲན་པར་མ་ནུས་པས། ། སྐྱེངས་ཏེ་མཐོ་རིས་གྲོང་ཁྱེར་བསྙེགས་སམ་སྙམ། ། ཞེས་སོ། །

2. དོགས་སྦྱོར་སྟངས་ནི། (དུང་དཀར་གྱིས་) གདུང་བྱེད་ཉི་མ་གཞོན་ནུའི་ཚ་ཟེར་གྱིས། ། ས་སྟེང་འཇིག་རྟེན་མ་ལུས་དྲོད་འབར་ཚེ། ། གང་གི་ཏོག་གྱུར་ཏི་སེ་གངས་རི་ཡང་། ། རྔུལ་བའི་ཐིགས་པས་ནོར་འཛིན་ཁྱབ་པར་དོགས། ། ཞེས་སོ། ། 3. ངེས་སྦྱོར་སྟངས་ནི། (དུང་དཀར་གྱིས་)ཉིན་མོ་སྲོག་ཆགས་གྲོག་མའི་ཚང་ཞིག་ལྟའི། ། རང་རང་ལས་ལ་བྲེལ་བའི་མི་ཡི་ཚོགས། ། ས་གཞི་ཁྱབ་པའི་ཚུལ་མཐོང་ཉིན་བྱེད་ཀྱིས། ། མཚན་མོ་རྒྱུ་སྐར་མཁའ་ལ་བཀྲམ་པར་ངེས། ། ཞེས་སོ། ། 4. འདྲ་སྦྱོར་སྟངས་ནི། (བོད་མཁས་པས་) དཔྱིད་དུས་ཉི་མ་གཞོན་ནུ་ཆགས་པ་ཡི། ། ལུས་དྲོད་འབར་བའི་རྔུལ་ཐིགས་ཟགས་པའི་རྒྱུན། ། སྨིག་རྒྱུའི་དྲ་བར་འཛིངས་ཚེ་པདྨ་རྣམས། ། སོ་ཕྲེང་རབ་གསལ་རྒོད་པར་བྱེད་པ་འདྲ། ། ཞེས་སོ། ། 5. རྟོག་སྦྱོར་སྟངས་ནི། (དུང་དཀར་གྱིས་) མཐོ་བརྩེགས་བཀོད་ལེགས་ཕོ་བྲང་པོ་ཏ་ལ། ། བྱུ་རུའི་ཁང་བཟང་ཉིད་དུ་ཡོངས་འཁྲུལ་ནས། ། རབ་གསལ་ཉི་ཟླས་ཉིན་མཚན་རེས་མོས་སུ། ། བསྐོར་བའི་ཟོལ་གྱིས་མཁའ་ལ་ལྷགས་པར་རྟོག ། ཅེས་སོ། ། 6. མིན་ནམ་སྦྱོར་སྟངས་ནི། (དུང་དཀར་གྱིས་)ས་སྟེང་དགེ་མཚན་མ་ལུས་འདིར་ཚང་ཞེས། ། ཕྱོགས་མཚམས་རི་ཐང་བཀྲ་ཤིས་རྟགས་བརྒྱད་ཀྱི། ། དབྱིབས་གཟུགས་རང་བྱུང་ཁམས་ཀྱི་བཟོ་བོ་ཡིས། ། ཆེད་དུ་བཀོད་པ་མིན་ནམ་ལྷ་སའི་ལྗོངས། ། ཞེས་སོ། ། 7. ཅིས་མ་ཡིན་སྦྱོར་སྟངས་ནི། (དུང་དཀར་གྱིས་)གཡུ་གཞོང་ཐང་དུ་བཀོད་འདྲའི་སྐྱིད་ཤོད་མཐིལ། ། དྲི་བཟང་ལོ་ལེགས་གསེར་མདོག་སྙེ་མའི་ཚོགས། ། རལ་པ་གྱེན་བརྫེས་མགོ་ལྕོག་ལྡེམ་བཞིན་དུ ། བསྐྱོད་འདི་དགའ་སྤྲོའི་རྣམ་འགྱུར་ཅིས་མ་ཡིན། ། ཞེས་སོ། ། 8. ཇི་ལྟར་མིན་སྦྱོར་སྟངས་ནི། (དུང་དཀར་གྱིས་)གླིང་ལྔའི་མཚོ་ཡང་སྐེམ་ནུས་ཚ་ཟེར་ཅན། ། འོད་སྟོང་འགྱེད་ཚེ་འཛམ་གླིང་ས་མཐོའི་ལྗོངས། ། ཞུ་བར་དོགས་ནས་གངས་རིའི་ར་བ་ཡིས། ། ཁོར་ཡུག་ཡོངས་སུ་བསྐོར་བ་ཇི་ལྟར་མིན། ། ཞེས་སོ། ། 9. བཞིན་སྒྲ་སྦྱོར་སྟངས་ནི། (སྙན་གཞུང་འདིར་གསུང་མི་འདུག་པ་ཁ་སྐོང་དུ་དཔག་བསམ་འཁྲི་ཤིང་དུ་)ཁྲོ་དང་རྨོངས་པ་མི་ཐུལ་ན། ། བདག་ཅག་དོན་མེད་ཁུར་གྱུར་ཅིག ། དེ་རྣམས་རལ་པ་ངོ་ཚ་ནས། ། ས་གཞི་ལ་ནི་འབྱར་བ་བཞིན། ། ཞེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་པར་མ་ཤ་334.9ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number